མཚོ་སྔོན་ཞིང་ཆེན་གྱིས་རིམ་པ་དང་རིགས་འབྱེད་པའི་སྤྱི་ཚོགས་རོགས་སྐྱོར་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི《མཚོ་སྔོན་ཞིང་ཆེན་གྱི་དམངས་སྲིད་བྱ་གཞག་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད》ཀྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས་གཞི་རྩའི་འཚོ་བའི་རོགས་སྐྱོར་དང་། ཆེད་དོན་སྤྱི་ཚོགས་རོགས་སྐྱོར། ཛ་དྲག་གི་དཀའ་ཁག་སེལ་བའི་སྤྱི་ཚོགས་རོགས་སྐྱོར་བཅས་གཙོ་བོར་བྱེད་པ་དང་སྤྱི་ཚོགས་སྟོབས་ཤུགས་ཁ་གསབ་ནང་ཞུགས་ཏེ། རིམ་པ་དང་རིགས་འབྱེད་པའི་སྤྱི་ཚོགས་རོགས་སྐྱོར་ལམ་ལུགས་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་བཏང་།

དམངས་སྲིད་ཐིང་སྤྱི་ཚོགས་རོགས་སྐྱོར་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲི་ཁྲིན་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རིམ་པ་དང་རིགས་འབྱེད་པའི་སྤྱི་ཚོགས་རོགས་སྐྱོར་ལམ་ལུགས་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་ནི་དཀའ་ཁག་ཆེ་ཆུང་དང་དཀའ་ཁག་གི་འབྱུང་རྐྱེན་ལ་གཞིགས་ཏེ། མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་མཁན། མ་མཐའི་འཚོ་བའི་འགན་ལེན་མཚམས་ཀྱི་ཁྱིམ་ཚང་། འགྲོ་གྲོན་ཆེ་བའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་སོགས་རོགས་སྐྱོར་རིམ་པ་ཁ་ཤས་སུ་དབྱེ་བ་དང་། འབྲེལ་ཡོད་སྡེ་ཁག་གིས་ཡོང་འབབ་དམའ་བའི་མི་འབོར་དེ་དག་ལ་རོགས་སྐྱོར་སྲིད་ཇུས་མི་འདྲ་བར་བརྟེན་ནས། མཐའ་སྐྱོང་འགན་ལེན་བྱས་ཏེ་ཕྱོགས་བསྡུས་རོགས་སྐྱོར་གྱི་རྣམ་པ་ཆགས་རྒྱུ་དེ་ཡིན་ཟེར།

དེར་བརྟེན་མཚོ་སྔོན་ཞིང་ཆེན་གྱིས《མ་མཐའི་འཚོ་བའི་འགན་ལེན་གྱི་ཞིབ་བཤེར་གཏན་འཁེལ་བྱ་ཐབས》བཟོས་ནས་གསར་དུ་བཟོ་བཅོས་བྱས་པའི《དམིགས་བསལ་དཀའ་ཁག་ཡོད་པའི་མི་སྣ་གཏན་འཁེལ་བྱ་ཐབས》དོན་འཁྱོལ་བྱས་ཏེ། དམིགས་བསལ་དཀའ་ཁག་ཡོད་པའི་མི་སྣར་ངོས་འཛིན་གཏན་འཁེལ་བྱེད་པའི་ཆ་རྐྱེན་སྔར་ལས་འཐུས་ཚང་དུ་བཏང་ནས། “སྐྱོར་དགོས་པའི་རིགས་ལ་རོགས་སྐྱོར་དང་གསོ་སྐྱོང་དགོས་པའི་རིགས་ལ་གསོ་སྐྱོང”ཏན་ཏིག་ཐུབ་པ་བྱས་ཡོད། ཛ་དྲག་གི་དཀའ་ཁག་སེལ་བའི་སྤྱི་ཚོགས་རོགས་སྐྱོར་གསར་གཏོད་དང་འཕེལ་རྒྱས་བཏང་ནས། མང་ཚོགས་ཀྱི་ཛ་དྲག་རང་བཞིན་གྱི་འཚོ་བར་དཀའ་ཁག་འཕྲད་ཚེ། “དངུལ་འབོར་ཉུང་ངུས་སྔོན་ལ་རོགས་སྐྱོར་བྱེད་པ”དང་། “རྗེས་སྙེགས་རོགས་སྐྱོར”སོགས་ཀྱི་བྱ་ཐབས་སྤྱད་ནས་རོགས་སྐྱོར་གྱི་གོ་ཆོད་རང་བཞིན་ཆེ་རུ་གཏོང་བ་དང་། ཁྱིམ་ཐོ་གནས་ཡུལ་རིམ་བཞིན་མེད་པར་བཟོས་ནས་ཚོད་འཛིན་རེ་ཞུ་བྱེད་པ། འཕྲལ་དཀའ་ཁག་ཡོད་པའི་ས་ཆར་གནས་སྐབས་རོགས་སྐྱོར་བྱ་རྒྱུ་འཚོལ་ཞིབ་བྱེད་དགོས།

གཞན་ཡང“སྡེ་ཁག་གཅིག་གིས་དང་ལེན་དང་མཐུན་སྦྱོར་མཉམ་སྒྲུབ”ཀྱི་ལམ་སྲོལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། མ་མཐའི་འཚོ་བ་འགན་སྲུང་དང་། དམིགས་བསལ་དཀའ་ཁག་ཡོད་པའི་མི་སྣ། གྲངས་འབོར་ཉུང་བའི་གནས་སྐབས་རོགས་སྐྱོར་སོགས་སྤྱི་ཚོགས་རོགས་སྐྱོར་གྱི་ཞིབ་བཤེར་ཁས་ལེན་དབང་ཚད་ཤང་གྲོང(ཁྲོམ་གཞུང)དུ་གཤམ་སྤྲོད་བྱེད་པ་དང་། གཞི་རིམ་སྤྱི་ཚོགས་རོགས་སྐྱོར་ཞབས་ཞུའི་ནུས་པ་སྔར་ལས་ཆེ་རུ་གཏོང་བ། བྱ་བའི་གོ་རིམ་སྟབས་བདེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཡོང་འབབ་དམའ་བའི་ཡུལ་མིའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་བྱས་ནས། སྒྲིག་འགལ་ཆ་འཕྲིན་ཡོད་ཚེ་རེ་ཞུ་མཁན་ལ་འབྲེལ་ཡོད་དཔང་རྟགས་དཔྱད་གཞི་སྐྱེལ་དགོས་པའི་རེ་བ་བཏོན་མི་ཆོག  ཞིབ་བཤེར་ཆོག་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་དང་། གནས་སྐབས་རོགས་སྐྱོར་བྱེད་པའི་ལས་ཕྱོད་སྔར་བས་ཆེ་རུ་བཏང་ནས། དཀའ་ཉེན་ཆེ་རིགས་ཀྱི་གནས་སྐབས་རོགས་སྐྱོར་དེ་ཆུ་ཚོད24ཡི་ནང་ཚུན་དུ་སྔོན་ལ་རོགས་སྐྱོར་ཐུབ་པ་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྔར་ལས་སྟབས་བདེ་དང་མགྱོགས་མྱུར། སྔར་ལས་ནུས་པ་ལྡན་པའི་ཞབས་ཞུ་མཁོ་འདོན་བྱེད་དགོས་པར་ནན་གྱིས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།