མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་གྲོན་བསྡུའི་གློག་རྡུལ་འཛིན་ཤོག་ཐོག་མ་བཀོལ་པ།

ཀྲུང་གོ་བོོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་གྱི་སྐོར་དང་པོའི་སྨན་བཅོས་དངུལ་བསྡུའི་གློག་རྡུལ་འཛིན་ཤོག་དོ་དམ་སྒྱུར་བཅོས་ཚོད་ལྟའི་སྨན་ཁང་གིས་སྨན་བཅོས་གྲོན་བསྡུའི་གློག་རྡུལ་འཛིན་ཤོག་དངོས་སུ་སྤྱོད་མགོ་ཚུགས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་གྲོན་བསྡུའི་གློག་རྡུལ་འཛིན་ཤོག་ཐོག་མ་བེད་སྤྱོད་བྱེད་མགོ་བརྩམས་པ་དང་། སྨན་བཅོས་གྲོན་བསྡུའི་ཐད་ཀྱི“དབང་ཆ་སྤྲོད་པ་དང་དོ་དམ་བྱེད་པ། ཞབས་འདེགས་ཞུ་བ”བཅས་ཀྱི་སྒྱུར་བཅོས་ཇེ་མགྱོགས་སུ་བཏང་བ་རེད། 

 སྨན་བཅོས་གྲོན་བསྡུའི་གློག་རྡུལ་འཛིན་ཤོག་སྤྱོད་མགོ་ཚུགས་པ་ནི་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་སྨན་བཅོས་འགན་ལེན་ཅུས་བཅས་སྡེ་ཁག་གསུམ་གྱིས་སྔར་ལས་ལྷག་པར“དབང་ཆ་སྤྲོད་པ་དང་དོ་དམ་བྱེད་པ། ཞབས་འདེགས་ཞུ་བ”སྒྱུར་བཅོས་དང་སྐུལ་སྤེལ“མང་ནའང་ཐེངས་གཅིག་མ་གཏོགས་འགྲོ་མི་དགོས”ཞེས་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དམངས་ཕན་བྱེད་ཐབས་གལ་ཆེན་གཞན་ཞིག་ལག་བསྟར་བྱས་པ་དེ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ཚོད་ལྟའི་སྡེ་ཁག་སྐོར་དང་པོ་ཡིན་པའི་ཆ་ནས་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པས་ཟླ་གཅིག་ལྷག་ཙམ་རིང་སྙོམས་སྒྲིག་ཚོད་ལྟ་དང་། འབྲེལ་མཐུད་བཅས་བྱས་པ་བརྒྱུད་ཚེས25ཉིན་དངོས་སུ་གློག་རྡུལ་འཛིན་ཤོག་སྤྱོད་མགོ་ཚུགས་པ་རེད། 

 སྨན་བཅོས་གྲོན་བསྡུའི་གློག་རྡུལ་འཛིན་ཤོག་དྲ་ཐོག་ཏུ་བེད་སྤྱོད་བྱེད་པ་ནི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་ཁྱོན་ཡོངས་ནས་སྨན་བཅོས་ཐུབ་པའི་འགག་རྩའི་གོ་རིམ་ཞིག་ཡིན་པས། ནད་པའི་དྲ་ཐོག་ནས་སྤ་སེ་ཕབ་ལེན་དང་ཉར་ཚགས། བསྐྱར་དཔར་བྱེད་པ་བཅས་བྱ་རྒྱུར་སྟབས་བདེ་བསྐྲུན་པ་དང་ཆབས་ཅིག སྨན་ཁང་དུ་སྨན་བཅོས་བྱེད་རིང་སྨན་རིན་སྤྲོད་པ་དང་། དྲ་ཐོག་སྨན་བཅོས། ས་གནས་གཅིག་ནས་སྨན་རིན་རྩིས་ཞུ་བྱེད་པ་སོགས་རྨང་གཞིའི་ཞབས་ཞུའི་འགན་སྲུང་བྱེད་པ་སོགས་ལ་མཁོ་འདོན་ལེགས་པོ་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།