མཚོ་སྔོན་ཞིང་ཆེན་གྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོའི་དར་ཐེར་སྐོར་གཉིས་པའི་བཅའ་སྡོད་བྱ་ཡུལ་གཉིས་པའི་མཛུབ་ཁྲིད་ཚོ་ཆུང་ཞིང་ཆེན་སྤྱི་བདེ་ཐིང་དུ་བཅའ་སྡོད་བྱས་ནས་ལས་དོན་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་གྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོའི་དར་ཐེར་ཁག་གཉིས་པའི་བཅའ་སྡོད་བྱ་ཡུལ་གཉིས་པའི་མཛུབ་ཁྲིད་ཚོ་ཆུང་ཞིང་ཆེན་སྤྱི་བདེ་ཐིང་དུ་བཅའ་སྡོད་བྱས་ནས་ལས་དོན་སྤེལ་བ་རེད།

དེའི་རིང་། ཧྲིན་ཀྲང་གཞོན་པའམ། སྤྱི་བདེ་ཐིང་གི་ཐིང་ཀྲང་། ཞིང་ཆེན་སྤྱི་བདེའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོའི་དར་ཐེར་སྐོར་གཉིས་པའི་མགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ལི་ཧུང་ཡ་ཡིས་མཛུབ་ཁྲིད་ཚོ་ཆུང་དང་བསམ་འཆར་བརྗེ་རེས་བྱས། 

ཤེས་རྟོགས་བྱུང་བ་ལྟར་ན། མཛུབ་ཁྲིད་ཚོ་ཆུང་ཞིང་ཆེན་སྤྱི་བདེ་ཐིང་དུ་བཅའ་སྡོད་བྱས་རྗེས་ངོ་འཕྲད་ཚོགས་འདུ་འཚོགས་ནས། སྤྱི་བདེའི་དཔུང་སྡེའི་སློབ་གསོ་དག་ཐེར་སྐོར་གཉིས་པའི་འཕེལ་རིམ་གྱི་གནས་ཚུལ་ཉན་པ་དང་། བཅའ་སྡོད་བྱ་ཡུལ་གྱི་མཛུབ་ཁྲིད་གཙོ་གནད་དང་། བྱ་ཡུལ། བྱ་ཐབས། ལྟ་སྐུལ་བྱེད་ཞོར་དུ་དག་བཅོས། ལན་སློག གྲུབ་འབྲས་བེད་སྤྱོད་སོགས་ཐད་ཀྱི་ནང་དོན་དང་གོ་རིམ། ལྷུ་ཚིགས། བླང་བྱ་བཅས་གསལ་བོ་བཏོན། 

མཛུབ་ཁྲིད་ཚོགས་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་གསོ་དག་ཐེར་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་གཏང་དགོས་ལ། གྲི་ཁ་ནང་ལ་ཕྱོགས་ནས་རུས་འབྲད་དུག་སེལ་གྱི་རང་ངོས་གསར་བརྗེའི་སྙིང་སྟོབས་ཀྱིས་ཐབས་ཇུས་བཀོད་སྒྲིག་ཁག་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། རྗེས་མར། ལྟ་སྐུལ་མཛུབ་ཁྲིད་གནད་འཁེལ་དང་། ལྟ་སྐུལ་དངོས་ཟིན། ལྟ་སྐུལ་གྱི་ཕན་འབྲས་ཐོན་པ་བཅས་ལ་དམིགས་ཏེ། བཅའ་སྡོད་གནས་ཀྱི་མཛུབ་ཁྲིད་གནད་ཁེལ་ནན་མོར་ཤུགས་རྒྱབ་ནས། སློབ་གསོ་དར་ཐེར་སྐོར་གཉིས་པའི་གཏིང་ཟབ་པར་སྤེལ་བ་དང་དངོས་འབེབས་བྱེད་ཐུབ་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།