​སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། བསྟུད་མར་ཉིན་འགའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོང་མིའམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་ཧུའུ་པིན་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཀྲང་ཧྲའོ་ཅུན། མཚོ་སྔོན་མི་རིགས་སློབ་ཆེན་མར་ཁེ་སིའི་རིང་ལུགས་སློབ་གླིང་དགེ་རྒན་ཆེན་མོ་གཞོན་པ་ཝང་ཅན་བཅས་ཀྱིས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། ཁྲི་འདུ་རྫོང་སོགས་སུ་སྒྲོག་འགྲེལ་བྱས་ཤིང་། ཁུལ་དང་རྫོང་། སྡེ་ཁག ལས་ཁུངས་ཁ་ཤས་ཀྱི་ཏང་ཡོན་ལས་བྱེད་པ1000ལྷག་གིས་སྒྲོག་འགྲེལ་སྙན་ཞུར་ཉན། 

སྒྲོག་འགྲེལ་ཁྲོད། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་དོན་སྙིང་གལ་ཆེན་དང་། ནང་དོན་གཙོ་བོ། ཕུན་སུམ་ཚོགས་པའི་ནང་སྙིང་ཞིབ་བརྗོད་བྱས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་ཐད་ཀྱི་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ཧུར་

ཡུས་ཧྲུའུ་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་རིམ་པ་བཞི་བའི་རྟོག་ཞིབ་པ་དབྱི་ཆིན་གྱིས་སྒྲོག་འགྲེལ་སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་ཤིང་གོ་སླ་བ་ཡིན། དེས་ང་ཚོས་སློབ་སྦྱོང་ལ་གོ་བ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐད་མཛུབ་སྟོན་དོན་སྙིང་དང་སྐུལ་འདེད་ནུས་པ་གལ་ཆེན་ཐོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱེད་སྟངས་གཉིས་གསུང་བཤད་ཀྱི་དགོངས་དོན་སྟེང་ཐོན་པར་བྱས་ནས། ལས་གནས་ལ་རྐང་འཛུགས་པ་དང་། བློ་དཀར་གཞུང་དྲང་གིས་འགན་ནུས་ལག་བསྟར་དང་། བསམ་བློའི་རྣམ་པ་ལེགས་པོས་བྱ་བ་སྐོས་རིམ་གསར་བའི་སྟེང་སླེབས་པར་སྐུལ་འདེད་བཏང་ནས། བདེ་ཐང་དང་དེང་རབས། བདེ་སྐྱིད་ཀྱི་ཡུས་ཧྲུའུ་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་རང་ཉིད་ཀྱི་བྱས་རྗེས་འཇོག་རྒྱུ་ཡིན་པར་འདོད། 

ཁྲི་འདུ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་སྡེ་ཁག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་པད་མ་ཆོས་མཚོས་ང་ཚོས་ཐེངས་འདིའི་སྒྲོག་འགྲེལ་གོ་སྐབས་སུ་བྱས་ནས། གསུང་བཤད་ཁྲོད་ཀྱི་བསམ་བློའི་སྟོབས་ཤུགས་དང་རིན་ཐང་འཚོལ་སྙེག་ལ་གོ་བ་ཟབ་མོ་བླངས་ཏེ། སློབ་སྦྱོང་ཁྲོད་ཕུགས་འདུན་བརྟན་པོ་དང་། རྩ་དོན་འདུ་ཤེས་ཆགས་སུ་བཅུག་ནས། ཐོག་མའི་བསམ་འདུན་ལག་ལེན་གྱིས། བྱ་བའི་སྐུལ་འདེད་ཀྱི་བསམ་བློའི་རང་འགུལ་དང་ཆབ་སྲིད་ཀྱི་རང་འགུལ། བྱེད་སྟངས་རང་འགུལ་བཅས་མཐོར་འདེགས་སུ་བཏང་ནས། གསར་སྐྲུན་རང་བཞིན་གྱིས་ཏང་འཛུགས་བྱ་བ་སྤེལ་བ་དང་། ཆབ་སྲིད་འཛུགས་སྐྲུན་དང་། བསམ་བློ་འཛུགས་སྐྲུན། བྱེད་སྟངས་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན་དེ་ཏང་འཛུགས་བྱ་བའི་གཙོ་གྲས་གནད་དུ་བཞག་ནས། དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དང་ལག་ལེན་བཟང་བོ་བྱེད་རྒྱུ་ཡིན་ཚུལ་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།