ཨ་ཆེན་གངས་རྒྱབ་དུ་གཙོད6000ལྷག་གནས་སྤོར་བ་ཟིན་ཐོར་བཀོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་གྱི་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོར“མཐོ་སྒང་གི་རྣམ་ཤེས”གཙོད་གནས་སྤར་ཏེ་ཕྲུ་གུ་བཙས་པའི་དུས་ཚིགས་མཇུག་སྒྲིལ་བ་དང་། ལས་སྒྲུབ་མི་སྣས་ཁྱོན་གཙོད3874ཨ་ཆེན་གངས་རྒྱབ་ཏུ་སོང་ནས་ཕྲུ་གུ་བཙས་པ་ཟིན་ཐོར་བཀོད་ཅིང་།དེ་ནས་ཕྱིར་ཡོང་བའི་གཙོད6185ཡོད་པ་རེད། 

ལོ་རེའི་ཟླ5བ་ནས་ཟླ7པའི་བར། མཚོ་སྔོན་གཙང་གསུམ་འབྱུང་ཡུལ་དང་ཞིན་ཅང་འ་འར་ཅིན་རི་བོ། བོད་ལྗོངས་བྱང་ཐང་གི་མོ་གཙོད་ཨ་ཆེན་གངས་རྒྱབ་ཀྱི་བྲག་ནག་མཚེའུ་རུ་སོང་ནས། ཕྲུ་གུ་བཙས་རྗེས་ཕྲུ་གུ་ཁྲིད་དེ་འཚོ་སྡོད་བྱེད་སར་ལོག་པ་ཡིན། ད་ལོའི་ཟླ5བའི་ཚེས2ཉིན་གྱི་དུས་ཚོད13ཀྱི་སྟེང་། སྨིག་པ་ལ་སྒང་སྲུང་སྐྱོབ་ས་ཚིགས་ཀྱིས་སྐོར་ཐོག་མའི་གཙོད235མཚོ་བོད་གཞུང་ལམ་གྱི་སྤྱི་ལེ3002མཚམས་ནས་ཨ་ཆེན་གངས་རྒྱབ་ཀྱི་གཞོང་སར་གནས་སྤར་བ་ལྟ་ཞིབ་ཚད་ལེན་བྱས་ཤིང་། 2021ལོའི་གཙོད་ཕྱིར་ལོག་མགོ་བརྩམས། ཟླ7པའི་ཚེས16ཉིན་ནས་ཟླ8པའི་ཚེས16ཉིན་བར། ཕྲུ་གུ་བཙས་ཚར་རྗེས་གཙོད་རྣམས་སྔ་རྗེས་སུ་འཚོ་སྡོད་བྱེད་སར་ལོག་མགོ་བརྩམས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།