《མཚོ་སྔོན་ཞིང་ཆེན་གྱི་དམངས་སྲིད་ལས་དོན་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”》དཔར་འགྲེམ་བྱས།

LOCAL202108251910000228615696716 (1).jpg

པར་འདི་ནི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་བསྡུས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར《མཚོ་སྔོན་ཞིང་ཆེན་གྱི་དམངས་སྲིད་ལས་དོན་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པ》(གཤམ་དུ《འཆར་གཞི》ཞེས་བསྡུས་ཡོད)དེ་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་དངོས་སུ་དཔར་འགྲེམ་བྱས།

རྒྱུས་ལོན་པ་ལྟར་ན། 《འཆར་གཞི》དེས་ཤེས་རིག་དམངས་སྲིད་དང་ཉི་འོད་དམངས་སྲིད། ཞབས་ཞུ་དམངས་སྲིད། བདེ་སྐྱིད་དམངས་སྲིད་བཅས“དམངས་སྲིད་བཞི”ལ་བརྟེན་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་ཀྱི་དམངས་སྲིད་ལས་དོན་གྱི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ལ། ཕྱོགས་ཡོངས་ནས་དམངས་སྲིད་ལས་དོན་གྱི་འཕེལ་རྒྱས་རྨང་གཞི་སྤྱི་བསྡོམས་བྱས་ཏེ། དམངས་སྲིད་ལས་དོན་སྤེལ་སའི་འཕེལ་རྒྱས་ཁོར་ཡུག་དང་འཕྲད་པའི་གོ་སྐབས་འགྲན་སློང་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་བརྒྱུད། 2035ལོའི་དམངས་སྲིད་ལས་དོན་འཕེལ་རྒྱས་ཀྱི་རྒྱང་རིང་དམིགས་འབེན་བཟོས།

དེ་དང་ཆབས་ཅིག 《འཆར་གཞི》ཁྲོད་བཅོས་བསྒྱུར་གསར་གཏོད་བྱེད་ཐབས་མང་པོ་བཏོན་ཡོད་དེ། ཡོང་སྒོ་དམའ་བའི་མི་གྲངས་ཀྱི་ཞིབ་དཔྱད་ཉེན་བརྡའི་ལམ་ལུགས་འཛུགས་རྒྱུ་དང་། རྫོང་རིམ་པའི་སྤྱི་ཕན་རང་བཞིན་གྱི་པུར་འཇུག་སྒྲིག་ཆས་ཡོངས་སུ་ཁྱབ་པར་བྱེད་པ། གཉེན་སྒྲིག་ཐོ་འགོད་ཞིང་ཆེན་བརྒལ་ནས་ཐད་ཀར་སྒྲུབ་པར་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་སུ་གཅིག་གྱུར་གྱི“ཤེས་རིག་དམངས་སྲིད”བཟོ་སྐྲུན་འཛུགས་པ། རྫོང་ཤང་ཞིང་སྡེ་བཅས་རིམ་པ་གསུམ་གྱི་རྒན་གསོ་ཞབས་ཞུའི་དྲ་རྒྱ་འཛུགས་སྐྲུན་དང་དམངས་སྲིད་ཞབས་ཞུའི་སྒྲིག་ཆས་ཀྱི་སྤྱི་འདོམས་བེད་སྤྱོད་ལ་ཤུགས་སྣོན་པ་སོགས་འདུས། གནད་དོན་དང་ཞན་ཆ་འདི་དག་ཐག་གཅོད་བྱས་པ་བརྒྱུད་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཐོབ་སྣང་སྔར་ལས་མང་བ་དང་དུས་རབས་གསར་བའི་དམངས་སྲིད་ལས་དོན་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན།

རྗེས་མར། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་དང་འབྲེལ་ཡོད་སྡེ་ཁག་གིས་འཆར་འགོད་འཁོར་སྐྱོད་གོ་རིམ་དང་ལག་བསྟར་ཕན་འབྲས་དཔྱད་དཔོག་དང་ལྟ་སྐུལ། འགན་འཁྲི་འདྲི་རྩད་ལམ་ལུགས་འཛུགས་པར་ཤུགས་བསྣན་ནས། དམིགས་ཚད་དང་འོས་འགན་ཆེད་སྒྲིག་ལེ་ཚན་དབྱེ་ཕྲལ་ཇུས་གཞི་བཟོས་ཏེ། 《འཆར་གཞི》ཁྲོད་བཏོན་པའི་ལས་འགན་སོ་སོ་དོན་དངོས་དང་བསྟུན་པར་གནད་ཐོག་ཏུ་འཁེལ་བ་དང་། སྔར་ལས་ལྷག་པར་དམངས་སྲིད་བྱ་བའི་མས་སྐྱོར་རང་བཞིན་དང་རྨང་གཞི་རང་བཞིན་གྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མཐོར་འདེགས་སུ་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།