མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་གཉིས་པའི་ཞིབ་དཔྱོད་དཔུང་སྡེའི་སློབ་གསོའི་དག་ཐེར་ཆབ་སྲིད་རེས་སྐོར་སྦྱོང་བརྡར་སྤེལ་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་གཉིས་པའི་ཞིབ་དཔྱོད་དཔུང་སྡེའི་སློབ་གསོའི་དག་ཐེར་ཆབ་སྲིད་རེས་སྐོར་སྦྱོང་བརྡར་སྤེལ་མགོ་བརྩམས།རྒྱལ་ཡོངས་ཞིབ་དཔྱོད་ལས་གཉེར་ཆེད་མཁས་པ་དང་རྒྱལ་ཁབ་ཞིབ་དཔྱོད་དཔོན་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གླིང་གི་ཡོན་ཀྲང་མཱ་ཐན་ཧྲན་གྱིས་ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་བརྗོད་དོན་ཡིན་པའི་འཆད་ཁྲིད་གནང་།

ཞིང་ཆེན་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་ཆབ་སྲིད་རེས་སྐོར་སྦྱོང་བརྡར་རྩ་འཛུགས་བྱས་པ་དེའི་ དམིགས་ཡུལ་ནི་ཞིབ་དཔྱོད་མི་སྣས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པར་སྣེ་ཁྲིད་དང་། ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་ལག་བསྟར་བྱས་ཏེ། ཏང་གི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་སྒོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་ལ་རྒྱུས་ལོན། སྒོས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཚན་རིག་གི་བདེན་ལུགས་རང་བཞིན་ཁོང་དུ་ཆུད་པར་བྱས་ནས། བསམ་བློའི་དྲག་ཆས་སྤྲས་པ་དང་། མཛུབ་སྟོན་ལག་ལེན་རྒྱུན་འཁྱོངས་ཀྱིས། ཆབ་སྲིད་བློ་དཀར་གྱི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་སྟེ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་།ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོར་འདེགས་སུ་གཏོང་དགོས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཆབ་སྲིད་རེས་སྐོར་སྦྱོང་བརྡར་དེ་སློབ་གསོའི་དག་ཐེར་དང་མཉམ་དུ་སྤེལ་བ་དང་གཞི་གཅིག་སྐུལ་འདེད་བཏང་ནས། ཟུར་ཁྲིད་འཆད་ཁྲིད་དང་དྲ་རྒྱའི་གསོ་སྦྱོང་། ཡུལ་དངོས་སློབ་ཁྲིད། ཆེད་དོན་བགྲོ་གླེང་། མི་སྒེར་གྱི་རང་སྦྱོང་སོགས་ཀྱི་རྣམ་པས། ཞིབ་དཔྱོད་མི་སྣས་རླབས་ཆེན་ཏང་འཛུགས་ཀྱི་དགོངས་དོན་ལ་སྐུལ་འདེད་དང་། བསམ་བློའི་རླབས་ཆེན་ནུས་ཤུགས་ལ་གོ་རྟོགས་བྱས་ཏེ། སྔར་ལས་ལྷག་པར་ཏང་གི་ལས་དོན་ཕྲག་ཏུ་ལེན་པ་དང་དམངས་ཀྱི་ཆེད་དུ་འགན་ཁུར་བའི་འདུ་ཤེས་ལ་ཤུགས་བསྣན་ནས། ཞིབ་དཔྱོད་ལས་དོན་གྱི་ཆབ་སྲིད་རང་འགུལ་དང་ཁྲིམས་སྐྱོང་རང་འགུལ། ཞིབ་དཔྱོད་རང་འགུལ་བཅས་མཐོར་འདེགས་སུ་བཏང་ནས། མཚོ་སྔོན་གྱི་ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་འཇོག་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།