ཝང་ཡུས་ཡན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་སྐྲུན་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་སྐྲུན་དམ་འཛིན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཏང་འཛུགས་སྐྲུན་དམ་འཛིན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་།

ཝང་ཡུས་ཡན་གྱིས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་འཐབ་ཇུས་གལ་ཆེན་ཞིག་རེད། རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ཏང་འཛུགས་སྐྲུན་དམ་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྟེང་གནང་བའི་པུའུ་ཀྲང་ཁྲེན་ཞིས་ཀྲང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་བྱས་ཏེ། ཏང་འཛུགས་སྐྲུན་དམ་འཛིན་བྱེད་པ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་རྩ་བའི་འགན་ལེན་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། དམིགས་ཚད་དང་བླང་བྱར་གནད་ལ་འཁེལ་བའི་སྒོ་ནས་དམིགས་པ། དུས་བབ་ཀྱི་ཁྱད་ཆོས་ཡང་དག་པར་ཁོང་དུ་ཆུད་པ། གཙོ་གནད་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱེད་དགོས། ཁོང་གིས་གཙོ་གནད་འབུར་ཐོན་ཡོང་བ་དང་། གནད་འགག་དམ་འཛིན། གྲོང་གསེབ་དར་སྤེལ་གཏོང་བའི་བརྗོད་དོན་གཙོ་བོའི་གསོ་སྐྱོང་སྦྱོང་བརྡར་ལ་ཤུགས་སྣོན་པ། རྫོང་དང་ཤང་གི་སྟོབས་ཤུགས་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ། གཞི་རིམ་རྩ་འཛུགས་མུ་མཐུད་སྟོབས་ཆེར་གཏོང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་ཡོན་གྱི་དར་སྲོལ་གསར་པ་ཧུར་ཐག་གིས་དར་སྤེལ་བྱེད་པ། ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་གྲོང་གསེབ་བཅོས་སྐྱོང་མ་ལག་མགྱོགས་མྱུར་སྒོས་བསྐྲུན་ནས། ཏང་འཛུགས་སྐྲུན་དམ་འཛིན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། ཧྲུའུ་ཅིའི་འགན་འཁྲི་སྒྲུབ་པར་སྐུལ་འདེད་གཏོང་བ་དང་། སྡེ་ཁག་བར་གྱི་མཉམ་སྒྲུབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་འདོན་སྤེལ་བྱེད་པ། བདེན་འཚོལ་དངོས་གཉེར་གྱི་སྤྱོད་ཚུལ་དར་སྤེལ་གཏོང་བ། འགན་འཁྲི་དོན་འཁྱོལ་བྱེད་པར་བརྟེན་ནས་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ལེ་ཚན་གསར་བ་རྩོམ་དགོས་པར་ནན་གྱིས་བསྟན།

ཞིང་ཆེན་གྲོང་གསེབ་དར་སྤེལ་མགོ་ཁྲིད་ཚན་ཆུང་གྲོང་གསེབ་རྩ་འཛུགས་དང་ཤེས་ལྡན་མི་སྣ་དར་སྤེལ(གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ)ལས་དོན་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཁྲུའུ་ཡན་གྱི་ལས་བྱེད་པ་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་། གྲོང་ཁྱེར་བཅས་ཀྱི་ཆུས་ཏང་ཨུའི་རྩ་འཛུགས་པུའུ་ཡི་འགན་ཁུར་བློ་མཐུན་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཤིང་། གྲོང་ཁྱེར་དང་རྫོང་། ཤང་བཅས་ཀྱི་བློ་མཐུན8ཀྱིས་གཏམ་བཤད་སྤེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།