ཁྲི་ཀས་ཤེས་ལྡན་མི་སྣར་བརྟེན་ནས་གྲོང་གསེབ་དར་སྤེལ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་ཐོག་མཐའ་བར་གསུམ་དུ“གྲོང་གསེབ་དར་སྤེལ་གྱི་འགག་རྩ་ནི་ཤེས་ལྡན་པ་དར་སྤེལ་གཏོང་རྒྱུ་ཡིན”ཞེས་པའི་བྱ་བའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཤེས་ལྡན་པ་དར་སྤེལ་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་དང་འགག་རྩའི་འདེགས་སྐྱོར་དུ་བརྩིས་ནས། ཤེས་ལྡན་པའི་གསོན་ཤུགས་སྤེལ་བ་དང་། སེམས་ནུས་ཡོད་རྒུས“ཤེས་ལྡན་པའི་སྒུལ་ཤུགས”བཏོད་དེ། ཤེས་ལྡན་པ་དར་སྤེལ་བཏང་ནས་གྲོང་གསེབ་དར་སྤེལ་ལ་ནུས་ཤུགས་བསྐྲུན། 

ལས་དོན་སྤེལ་རིང་། ཁྲི་ཀ་རྫོང་གིས་ཤེས་ལྡན་མི་སྣའི་ལས་དོན་དེ“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”ཆེད་དོན་འཆར་འགོད་ནང་བཅུག་ནས། མུ་མཐུད་དུ་ཤེས་ལྡན་མི་སྣའི་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། ཤེས་ལྡན་མི་སྣའི་ལས་དོན་གྱི“འགན་འཁྲི་སྒྲུབ་ཚུལ་གསུམ་ཞུ་བའི”ལམ་ལུགས་དང་། ཏང་ཨུའི་འབྲེལ་གཏུག་ཞབས་ཞུའི་ཆེད་མཁས་པའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྫོང་རིམ་པའི་མགོ་ཁྲིད་ཀྱིས་མཐོ་རིམ་གཞོན་པ་ཡན་གྱི་ཆེད་མཁས་པ350ལ་འབྲེལ་གཏུག་བྱས་པ་རེད། ཤེས་ལྡན་མི་སྣའི་བྱ་བའི་འཆར་གཞི་བཟོས་ནས། ཏང་ཨུས་གཅིག་གྱུར་མགོ་ཁྲིད་དང་། རྩ་འཛུགས་སྡེ་ཁག་གིས་སྣེ་ཁྲིད་བྱས་ཏེ་སྤྱི་ཡོངས་ནས་དམ་འཛིན་བྱེད་པ། འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་དམ་ཟབ་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་ཞུགས་པ་བཅས་ཀྱི་བྱ་བའི་བཀོད་པ་ཆགས་པར་བྱས་ནས། གོང་འོག་མཉམ་འགུལ་དང་། རོགས་རེས་ལས་ཆོད་ཆེ་བ། སྤྱི་ཡོངས་ནས་སྐུལ་སྤེལ་གཏོང་བ་བཅས་ཀྱི་འགྲིལ་ཤུགས་ཆེན་པོའི་གོང་བུ་ཆགས་དགོས།

རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ། རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས། སྤྱི་ཚོགས་ཐོག་འཕྲལ་མཁོ་ཆེ་བ་དང་རྩེར་སོན་ཆེད་ལས་གདན་ཞུའི་ལམ་ལུགས་ཀྱི་གཞུང་ལས་པ་ཐེངས་དང་པོར་ཡོངས་བསྒྲགས་ངང་གདན་ཞུ་བྱས་པ་རེད། རྫོང་ཁོངས་ཀྱི་གཙོ་གནད་ལས་རིགས་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་སྡེ་ཁག་གི་དཀོན་གྲས་རིགས། ཆེད་ལས་ཅན། ལག་རྩལ་ཅན་གྱི་ཤེས་ལྡན་མི་སྣའི་མཐིལ་རྟོགས་བརྟག་དཔྱད་ལས་དོན་སྤེལ་པ་དང་། “ཞིང་ཆེན་ཕྱིའི་ཤེས་ལྡན་མི་སྣ་ནང་འདྲེན་དང་ས་གནས་རང་གི་ཤེས་ལྡན་མི་སྣ་སྔོག་འདོན”གྱི་རྣམ་པ་སྤྱད་ནས། ས་གནས་རང་གི་ཤེས་ལྡན་མི་སྣ་སྔོག་འདོན་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་། “སྲིད་གཞུང་གིས་གཙོ་ཁྲིད་དང་ཕྱོགས་མང་པོའི་ཐོན་ཁུངས། མང་ཚོགས་ཀྱི་གཙོ་གཞིབཅས་ཟུང་འབྲེལ་གྱིས་གྲོང་གསེབ་ཤེས་ལྡན་མི་སྣའི་སློབ་གསོ་སྦྱོང་བརྡར་མ་ལག་བཙུགས། ཐོན་ལས་ཀྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཕུལ་བྱུང་ལས་བྱེད་པ172བདམས་ནས་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མིའི་འགན་འཁུར་དུ་བཅུག་ལ། ལས་འགན་དང་བྱེད་ཐབས། ཁུར་པོ་སྤྲད་ནས། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཕྱོགས་དང་པོ་ལས་བྱེད་པ་གསོ་སྐྱོང་བྱེད་པའི“སྦྱོང་བརྡར་ར་བ”རུ་བསྒྱུར་ཏེ། གྲོང་གསེབ་དར་སྤེལ་གཏོང་བར་ཁྲག་རྒྱུན་གསར་པ་དང་གསོན་ཤུགས་གསར་པ་བསྣན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།