མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས4ལ“མཚོ་སྔོན་ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་སྐྲུན་གསོ་སྐྱོང་རྟེན་གཞིའི”སྒོ་བྱང་བཀལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིང་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་དམག་ཁུལ་ཆབ་སྲིད་ལས་དོན་ཅུའུ་བཅས་ཀྱིས་མཉམ་དུ“མཚོ་སྔོན་ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་སྐྲུན་གསོ་སྐྱོང་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་མ་ཟད། ཐོག་དང་པོར་ཆོག་མཆན་ཐོབ་པའི“མཚོ་སྔོན་ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་སྐྲུན་གསོ་སྐྱོང་རྟེན་གཞིའི”ཁེ་ལས4ལ་སྒོ་བྱང་བཀལ།

དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཁྱབ་ཁོངས་ཀྱི“བརྟན་བརླིང་དྲུག”དང“འགན་སྲུང་དྲུག”གི་ལས་དོན་ཕྱོགས་ཡོངས་ནས་ལེགས་པར་སྒྲུབ་ཆེད། ཞིང་ཆེན་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་ཞུགས་ལས་གཏོད་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་མང་བ་དང་སྔར་ལས་ལེགས་པའི་གཅིག་སྡུད་སྲིད་ཇུས་བློ་འདྲི་དང་། རྣམ་གྲངས་འོས་སྦྱོར། ཁྲོམ་རའི་དཔྱད་དཔོག ལས་མགོ་རྩོམ་པར་མཛུབ་ཁྲིད། མ་དངུལ་བསྡུ་སྒྲིལ་ལ་ཞབས་ཞུ། རྗེས་སྙེག་རོགས་སྐྱོར་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་སྐྲུན་ལ་མཛུབ་ཁྲིད་དང་ཞབས་ཞུའི་ཆེད་གཏོགས་ལས་སྟེགས་བསྐྲུན་པ། དུས་མགོའི་ཁེ་ལས་ཀྱིས་ཡིག་ཐོག་སྙན་ཞུ་འབུལ་བ་དང་། ས་ཆ་དངོས་སུ་རྟོག་ཞིབ་བྱེད་པ། དཔྱད་ཞིབ་གདེང་འཇོག་བྱེད་པ་བཅས་ཀྱི་རྨང་གཞིའི་སྟེང་། ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིང་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་མཚོ་སྔོན་ན་གཞོན་ལས་སྐྲུན་གླིང་གི་གསོ་སྐྱོང་ཞབས་ཞུའི་ཚད་ཡོད་ཀུང་སི་དང་། བློ་སྒོ་འབྱེད་པའི་སྐར་ཆེན(ཟི་ལིང་)གསོ་སྦྱོང་རྟེན་གཞི། མཚོ་སྔོན་གྱི་རྒྱ་སྐྱེད་རིག་གནས་ཞབས་ཞུ་ཚད་ཡོད་ཀུང་སི། མཚོ་སྔོན་དམག་དཔུང་གསར་གཏོད་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་སི་བཅས“མཚོ་སྔོན་ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་སྐྲུན་གསོ་སྐྱོང་རྟེན་གཞིར”མཉམ་འབྲེལ་གྱིས་གཏན་འཁེལ་བྱས།

ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིང་གི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ཞིང་ཆེན་རིམ་པའི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་སྐྲུན་གསོ་སྐྱོང་རྟེན་གཞིའི་སྒོ་བྱང་བཀལ་བ་དེས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་སྐྲུན་གསོ་སྐྱོང་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རིམ་པ་སོ་སོའི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་སྐྲུན་གསོ་སྐྱོང་རྟེན་གཞིས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིར་སྔར་ལས་གནད་སྨིན་དང་སྔར་ལས་སྤུས་ལེགས། སྔར་ལས་ཕན་འབྲས་ཆེ་བ་བཅས་ཀྱི་ཆེད་ལས་ཅན་གྱི་གསོ་སྐྱོང་ཞབས་ཞུར་སྐུལ་འདེད་དང་དཔེ་སྟོན་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་ཐུབ་ཟེར། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།