མཚོ་སྔོན་ཞིང་ཆེན་རིམས་འགོག་སྨན་ཁབ་དོ་དམ་ཐིང་རིམ་པའི་བར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་བརྙན་ལམ་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་རིམས་འགོག་སྨན་ཁབ་དོ་དམ་ཐིང་རིམ་པའི་བར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་ནས། ཞིང་ཆེན་ཡོངས་ཀྱི་ནད་དུག་འགོག་པའི་སྨན་ཁབ་དོ་དམ་དང་སྨན་ཁབ་རྒྱག་པའི་ལས་དོན་ལ་སླར་ཡང་སྐུལ་སློང་དང་བཀོད་སྒྲིག དོན་འཁྱོལ་བཅས་བྱས།

ཉིན་དེར་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་སོགས་ཁོངས་མིའི་ལས་ཁུངས12ཀྱི་འགན་འཁུར་བ་དང་། དེ་བཞིན་ཟི་ལིང་ས་ཁུལ་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། འཕྲོད་བསྟེན་བདེ་ཐང་དང་ནད་ཡམས་ཚོད་འཛིན་ལས་ཁུངས་སོགས་ཀྱི་མི40ལྷག་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས། གྲོང་ཁྱེར་དང་ཁུལ། ཆུས་དང་རྫོང་སོ་སོའི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། འཕྲོད་བསྟེན་བདེ་ཐང་སྡེ་ཁག ནད་ཡམས་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་བཅས་ས་གནས་སོ་སོའི་ཡན་ལག་ཚོགས་རར་ཞུགས།

ཚོགས་འདུའི་སྟེང་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་ལས་ཆེ་རུ་གཏོང་བ། ཕྱོགས་གང་ཅིའི་སྟོབས་ཤུགས་ལ་སྐུལ་སློང་དང་རྩ་འཛུགས་ཡག་པོ་བྱེད་པ། བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མི་སྣ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། རིམས་འགོག་སྨན་ཁབ་ཉར་ཚགས་དང་སྐྱེལ་འདྲེན། སྡེབ་སྐྱེལ། སྨན་ཁབ་རྒྱག་པ་དང་བེད་སྤྱོད་བཅས་ཀྱི་བདེ་འཇགས་ལ་ཐུན་མོང་སྒོས་སྲུང་སྐྱོང་བཟང་པོ་བྱས་ནས་ནན་ཏན་གྱིས་འགན་འཁྲི་གཙང་སྒྲུབ་བྱེད་དགོས། འཆར་གཞིའི་སྔོན་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁར་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། གླེང་ཕྱོགས་ཁྲིད་སྟོན་ལ་མཐོང་ཆེན་བྱེད་པ། མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་ལས་བྱེད་ཤུགས་སྔར་བས་རང་འགུལ་དུ་འགྱུར་བར་བྱེད་པ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་རྣམས་ཀྱིས་བཀོད་འདོམས་བྱེད་པར་བསྟུན་པ། ཁོངས་གཏོགས་ས་ཆའི་འགན་འཁྲི་ནན་དུ་གཏོང་བ། དུས་ཐོག་ཏུ་རིམས་འགོག་སྨན་ཁབ་ཀྱི་འབྲེལ་ཡོད་གནད་དོན་གྱི་ཁུངས་སྣེ་བརྡ་ཁྱབ་གཏོང་བ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཁྲིམས་ལྟར་རྩད་ཞིབ་ཐག་གཅོད་བྱེད་པ། རིམས་འགོག་སྨན་ཁབ་དཔྱད་དཔོག་བྱེད་པར་མཐོང་ཆེན་བྱེད་པ། ཚད་གཞི་ལག་བསྟར་བྱེད་པའི་ཐད་སྔར་ལས་ནུས་ལྡན་དུ་བསྒྱུར་བ། རིམས་འགོག་སྨན་ཁབ་འཁོར་སྐྱོད་དང་བེད་སྤྱོད་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས། རིམ་བཞིན་སྤུས་ཚད་དོ་དམ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། ནན་ཏན་གྱིས་དཔྱད་དཔོག་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ། གྲུབ་འབྲས་ལེགས་ཙམ་ཐོབ་པར་ནན་ཏན་གྱིས་འགན་ལེན་བྱེད་པ། རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་ཀྱིས་སྲ་བརྟན་ཡོང་བར་འགོག་སྲུང་འཛིང་རགས་མཉམ་དུ་བསྐྲུན་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།