མཚོ་སྔོན་ཞིང་ཆེན་གྱི2021ལོའི“ཉིན་བརྒྱའི་དྲ་ཚིགས་མང་པོའི་བསྡུ་ལེན་ཆེད་དམིགས་བྱ་འགུལ”གྱིས་མི་ཁྲི1.5ལྷག་གིས“ལས་གནས་འཚོལ་བར”རོགས་རམ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྱིས2021ལོའི“ཉིན་བརྒྱའི་དྲ་ཚིགས་མང་པོའི་བསྡུ་ལེན་ཆེད་དམིགས་བྱ་འགུལ”བདེ་བླག་ངང་མཇུག་སྒྲིལ། ཆེད་དམིགས་བྱ་འགུལ་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བའི་ལས་ཞུགས་ཞབས་ཞུ་སྡེ་ཁག་གིས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པས། ཁྱོན་མི་བཀོལ་ལས་ཁུངས4102ལ་ལས་ཞུགས་ལས་གནས་ཁྲི4.9ཁྱབ་བསྒྲགས་བྱས་ཏེ། རིགས་སོ་སོའི་ལས་གནས་འཚོལ་བའི་མི་སྣ་ཁྲི1.5ལ་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས། འདི་ནི་གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པའི་ཆ་འཕྲིན་ཡིན།

རྒྱུས་ལོན་པ་ལྟར་ན། སྲོལ་རྒྱུན་གྱི་ཡུལ་དངོས་ལས་བསྡུ་ཚོགས་ཆེན་གྱི་རྨང་གཞིའི་སྟེང་།ཞི ང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་གིས་དྲ་རྒྱའི་དགེ་མཚན་བེད་སྤྱད་དེ། “མཚོ་སྔོན་མི་དོན་དྲ་རྒྱའི་ལས་སྒྲུབ་ཐིང”དང“མཚོ་སྔོན་མི་དོནApp”སོགས་དྲ་ཐོག་ཞབས་ཞུའི་སྟེགས་བུའི་བྱེད་ནུས་ཇེ་ལེགས་སུ་བཏང་ནས། མཁར་གྲོང་གི་རིགས་སོ་སོའི་ལས་གནས་འཚོལ་བའི་མི་སྣ་དང་མི་བཀོལ་ལས་ཁུངས་བར། དྲ་ཐོག་དང་ཡུལ་དངོས་ཀྱི་ལས་གནས་བསྡུ་བའི་ཞབས་ཞུ་སྟེགས་བུ་འཛུགས་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གནས་བབ་བརྟན་བརླིང་ཐད་ཧུར་ཐག་གིས་བྱེད་ནུས་འདོན་པར་ཁག་ཐེག་བྱས་པ་མ་ཟད། དྲ་ཐོག་སྟེགས་བུའི“དྲ་ཐོག་སློབ་ཁྲིད”ལ་བརྟེན་ནས། རྒྱ་ཆེའི་ལས་གནས་འཚོལ་མཁན་ལ་སློབ་སྦྱོང་དང་ལས་ཞུགས་ཀྱི་མཛུབ་སྟོན་ཞབས་ཞུ་མཁོ་འདོན་བྱས། མཐོ་རིམ་མཐར་ཕྱིན་སློབ་མ་དང་ཞོར་ལས་པ་སོགས་ཚོགས་སྤྱི་ལ་དམིགས་ཏེ། “མཚོ་སྔོན་སློབ་ཆེན་ཁུ་ནུ་སློབ་གླིང་གི2021ལོའི་མཐར་ཕྱིན་སློབ་མའི་དཔྱིད་དུས་སློབ་རའི་གཉིས་འདེམས་ཚོགས་འདུ”དང“མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི2021ལོའི་མཐར་ཕྱིན་སློབ་མའི་གཉིས་འདེམས་ཚོགས་འདུ”“མཚོ་སྔོན་ཞིང་ཆེན་དམངས་གཉེར་ཁེ་ལས་ཆེད་དོན་དྲ་ཐོག་བསྡུ་ལེན་ཚོགས་འདུ”སྤེལ་བ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།