མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་གསོད་བཅའ་ཁྲིམས》ཀྱི་ཁྲིམས་བསྟར་ཞིབ་བཤེར་སྤེལ་བའི་སྐོར་གྱི་སྤྱི་བསྒྲགས།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་གསོད་བཅའ་ཁྲིམས》ཀྱི་ཁྲིམས་བསྟར་ཞིབ་བཤེར་སྤེལ་བའི་སྐོར་གྱི་སྤྱི་བསྒྲགས།

(ཨང་བརྒྱད་པ)

 རྒྱལ་ཡོངས་དམངས་ཆེན་གྱི་མངགས་བཅོལ་ལྟར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ8པའི་ཟླ་སྨད་ནས་ཟླ9བའི་ཟླ་སྨད་བར་དུ། རང་ཞིང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་གསོད་བཅའ་ཁྲིམས》ལག་བསྟར་གནས་ཚུལ་སྐོར་ནས་ཁྲིམས་བསྟར་ཞིབ་བཤེར་བྱ་རྒྱུ་རེད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་སྐུལ་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར། ལྟ་སྐུལ་བྱ་བའི་གསལ་ཚད་ཇེ་མཐོ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་གནས་ཚུལ་ཤེས་བའི་དབང་ཆར་འགན་སྲུང་བྱེད་པ། ཁྲིམས་བསྟར་ཞིབ་བཤེར་གྱི་དམིགས་གཏད་རང་བཞིན་དང་དངོས་ཕན་རང་བཞིན་མཐོར་འདེགས་སུ་གཏོང་བར། སྤྱི་ཚོགས་ལས་རིགས་སོ་སོ་དང་དམངས་ཆེན་འཐུས་མི། རྒྱ་ཆེའི་མང་ཚོགས་ཀྱིས་ཁ་པར་དང་འཕྲིན་ཡིག  གློག་རྡུལ་ཡིག་ཆ། བརྙན་སྐྱེལ་སོགས་ཀྱི་རྣམ་པས། རང་ཞིང་གི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་གསོད་བཅའ་ཁྲིམས》ཀྱི་ལག་བསྟར་གནས་ཚུལ་དང་གནས་པའི་གནད་དོན་ལེགས་བཅོས་སོགས་ཀྱི་ཐད་བསམ་འཆར་འདོན་པར་དགའ་བསུ་ཞུ། 

ཆེད་དུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན། 

འབྲེལ་གཏུག་ལས་ཁུངས། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་། 

ས་གནས། ཟི་ལིང་གྲོང་ཁྱེར་ལྔ་གཅིག་ལམ་གྱི་ཨང་རྟགས16པ། 

ཁ་པར། 0971—8459508(བརྙན་སྐྱེལ)

གློག་རྡུལ་ཡིག་ཟམ། qhrdshw@163.com

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་། 

2021ལོའི་ཟླ8པའི་ཚེས23ཉིན། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།