“གཙང་གསུམ་མེ་ཏོག རབ་མཛེས་མཚོ་སྔོན”ཞེས་པའི་འགྲེམ་སྟོན་སྐབས་བཅུ་བའི་ཀྲུང་གོའི་མེ་ཏོག་དངོས་མང་སྟོན་ཚོགས་སྟེང་མཛེས་སྡུག་རྣམ་པར་བཀྲ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས་བཅུ་བའི་ཀྲུང་གོའི་མེ་ཏོག་དངོས་མང་བཤམས་སྟོན་ཚོགས་ཆེན་སྟེང་། “གཙང་གསུམ་མེ་ཏོག རབ་མཛེས་མཚོ་སྔོན”བརྗོད་དོན་ཡིན་པའི་མཚོ་སྔོན་འགྲེམ་སྟོན་གླིང་དུ། “ཀྲུང་ཧྭའི་ཆུ་མཛོད”ཀྱི་ཐུན་མོང་མ་ཡིན་པའི་ས་གཤིས་དགེ་མཚན་དང་། དག་གཙང་གི་རང་བྱུང་ཐོན་ཁུངས། ལོ་རྒྱུས་རིག་གནས་དང་། སྒོས་སུ་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་རྩ་ཆེན་ཁྱོན་ཡོངས་ནས་འགྲེམ་སྟོན་བྱས་ཤིང་། སྐབས་སྔོན་མའི་མེ་ཏོག་དངོས་མང་སྟོན་ཚོགས་དང་བསྡུར་ན། མཚོ་སྔོན་གྱི་འགྲེམ་སྟོན་རིགས་མང་བ་དང་གཞི་ཁྱོན་ཆེས་ཆེ་བ། གྲུབ་འབྲས་ཆེས་ལེགས་པ་བཅས་ལ་བརྟེན་ནས་མཛེས་སྡུག་རྣམ་པར་བཀྲ། 

ཀྲུང་གོའི་མེ་ཏོག་དངོས་མང་སྟོན་ཚོགས་ནི་རང་རྒྱལ་གྱི་མེ་ཏོག་ལྡུམ་རའི་ལག་རྩལ་ཁྱབ་ཁོངས་ཀྱི་གཞི་ཁྱོན་ཆེས་ཆེ་བ་དང་ཚད་གཞི་ཆེས་མཐོ་ཤོས། ཤན་ཤུགས་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཏོག་རྒྱས་ཚོགས་ཤིག་ཡིན། མཚོ་སྔོན་མེ་ཏོག་མཐུན་ཚོགས་ཀྱིས་ཀྲུང་གོའི་མེ་ཏོག་མཐུན་ཚོགས་དང་། མེ་ཏོག་དངོས་མང་བཤམས་སྟོན་ཚོགས་ཆེན་གྲ་སྒྲིག་ཚན་ཆུང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། ཟི་ལིང་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ། མཚོ་སྔོན་དགེ་ཐོན་སློབ་ཆེན། ཟི་ལིང་གྲོང་ཁྱེར་མེ་ཏོག་མཐུན་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག  ཁྱོན་ཡོངས་ནས“རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་དང་། རབ་མཛེས་མཚོ་སྔོན་གྱི་བརྩེ་བའི”འབུར་ཐོན་གྲུབ་འབྲས་མངོན་པར་མཚོན་ཡོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།