གསལ་འདེབས། ཐོབ་ཐང་ལག་ཁྱེར་ལག་ཏུ་བཟུང་ནས་པར་བླངས་མྱོང་བ་དག་གིས་གཟབ་རོགས།

ཉེ་བའི་ལོ་འདི་འགར། མི་མང་པོས་ཕྱི་རྒྱལ་གྱི་ཉོ་སྒྲུབ་སྟེགས་བུ་བརྒྱུད་དེ་ཚོང་རྫས་ཉོ་བར་དགའ་ཞིང་། དྲ་ཚིགས་དེ་དག་གི་ཐོ་འགོད་བྱེད་སྟངས་གོ་རིམ་རྙོག་འཛིང་ཡིན་པ་དང་། དེར་མི་སྒེར་གྱི་བརྡ་འཕྲིན་མཁོ་འདོན་བྱེད་དགོས་ཤིང་། མི་སྒེར་གྱི་ལག་ཏུ་བཟུང་ནས་བླངས་པའི་ཐོབ་ཐང་ལག་ཁྱེར་འདྲ་པར་ཆུང་ཆུང་དེ་དག  ཁྲིམས་འགལ་མི་སྣས་སྒོར་ཟུར་འགའ་རེ་ནས་བརྒྱ་ཤོག་རེ་དང་། དེ་ནས་ཆིག་སྟོང་ལྷག་ལྟར་ཐོ་འགོད་འཛད་སྤྱོད་པར་ཕྱིར་བཙོང་བྱེད་བཞིན་ཡོད།

ཉེ་ཆར། ཀྲེ་ཅང་ཞིང་ཆེན་བུན་ཀྲིག་གྲོང་ཁྱེར་འོ་ཧའེ་ཉེན་རྟོག་ཕྱོགས་ཀྱིས་སློབ་ཆེན་སློབ་མའི་ལག་བཟུང་འདྲ་པར་ཕྱིར་ཤོར་བའི་དོན་རྐྱེན་ནས་མགོ་བརྩམས་ཏེ། སྔ་རྗེས་སུ་ཧྥུའུ་ཅན་དང་། ཀྲེ་ཅང་། ཧུའུ་ནན། ཧྲན་ཏུང་། ཧོ་ནན་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་སོང་ནས། ནག་ཉེས་དོགས་གཞི་ཉེས་ཅན11འཛིན་བཟུང་བྱས་ཤིང་། ལག་བཟུང་དཔང་ཡིག་འདྲ་པར་ཁྲི110ལྷག་ཕྱིར་བླངས་པ་དང་། དྲ་རྒྱའི་ཁྲིམས་འགལ་ངང་ལག་བཟུང་དཔང་ཡིག་འདྲ་པར་ཕྱིར་འཚོང་དང་ཉོ་སྒྲུབ་བྱེད་པའི་ཐོན་ལས་སྦྲེལ་མཐུད་ནག་པོ་ཞིག་མེད་བརླག་ཏུ་བཏང་།

ཞོར་ལས་གཉེར་བའི་སློབ་ཆེན་སློབ་མའི་ལག་བཟུང་འདྲ་པར་ཕྱིར་ཤོར་བ་དེས་ཐོན་ལས་སྦྲེལ་མཐུད་ནག་པོ་ཞིག་ཕྱིར་མངོན་དུ་བཅུག

ཏག་ཏག་ཉིན་འགའི་སྔོན་དུ།མི་དམངས་ཉེན་རྟོག་པས་དྲ་རྒྱའི་སྐོར་ཞིབ་ཁྲོད་བུན་ཀྲིག་གི་བུ་མོ་ཞའོ་ལིའི་ཡིས་ལག་བཟུང་དཔང་ཡིག་འདྲ་པར་དེ་ཁྲིམས་འགལ་མི་སྣའི་ལག་སོན་བྱུང་སྟེ། ཕྱི་རྒྱལ་གྱི་ཉོ་སྒྲུབ་དྲ་ཚིགས་ཀྱི་ཐོ་འགོད་བྱེད་པར་བཀོལ་ཡོད་པ་ཤེས་རྟོགས་བྱུང་།

མ་གཞི། སྐབས་ཐོག་དེར་ཞའོ་ལིའི་ཡིས་ཞོར་ལས་གཉེར་བའི་སྐབས་སུ། མཚམས་སྦྱོར་ཀུང་སིསAPPག་གེ་མོ་ཐོ་འགོད་ཕབ་ལེན་བྱས་ཚེ། སྒོར50ཡི་གླ་རིན་ཐོབ་ཐུབ་ཟེར། ཡིན་ནའང་ཁོ་མོས་རང་ཉིད་ཀྱི་ཐོབ་ཐང་འཛིན་ཡིག་དང་ཉིན་དེའི་ཚགས་པར་བཟུང་ནས་པར་འགའ་རྒྱག་དགོས་པའི་རེ་བ་བཏོན།

ཉེན་རྟོག་ཕྱོགས་ཀྱིས་བརྡ་འཕྲིན་ཕྱིར་ཤོར་བའི་མགོ་ཁུངས་དེ་ཧྥུའུ་ཅན་ནན་ཨན་དུ་གཏན་འཁེལ་བྱས་ཤིང་། ནག་ཉེས་དོགས་གཞི་ཉེས་ཅན་ལིན་མའོ་ཧྥིན་དང་། ལིན་མའོ་ཅོན་འཛིན་བཟུང་བྱས་པ་དང་། ཡུལ་དངོས་ཀྱི་གློག་ཀླད་ཁྲོད་སྤྱི་དམངས་ཀྱི་ལག་བཟུང་ཐོབ་ཐང་འཛིན་ཡིག་འདྲ་པར་ཁྲི2ལྷག་རྩད་ཆོད། མི་དེ་གཉིས་ཀྱིས་བཤད་པ་ལྟར་ན་ཕྱི་རྒྱལ་གྱི་ཉོ་སྒྲུབ་སྟེགས་བུ་བརྒྱུད་དེ་དེ་དག་ཐོབ་པ་ཡིན་ཟེར། 

777.jpg

ཉེན་རྟོག་ཕྱོགས་ཀྱིས་ཞིབ་བཤེར་བྱས་ནས་ཐོབ་པའི་ལག་བཟུང་སྤྱི་དམངས་ཐོབ་ཐང་འཛིན་ཡིག་འདྲ་པར།

ཉེན་རྟོག་པས་གསལ་འདེབས་ཞུ་དོན། དོགས་གཞི་ཉེས་ཅན་གྱིས་འདྲ་པར་དང་མི་སྒེར་གྱི་བརྡ་འཕྲིན་ལ་“གྲངས་འཛིན་བརྡབ་གསིག”བྱས་ཚེ། དམིགས་འབེན་ཆིག་རྐྱང་བའི་གནོད་ཐེབས་མཁན་ལ“ལུས་པོར་ཚད་ནས་བཟོ་བའི”མགོ་གཡོག་བྱ་ཐབས་ཤིག་གསར་སྐྲུན་བྱས་པ་ཡིན་པས། གནོད་ཐེབས་མཁན་ལ་མགོ་གཡོག་ཐེབས་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད་པ་རེད།

དེ་བས། དྲ་ཚིགས་རིགས་སོ་སོའི་ཐོ་འགོད་ཀྱི་ཉེན་ཟོན་འདུ་ཤེས་མཐོ་རུ་གཏོང་བ་དང་། སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུ་ཐོ་འགོད་བྱེད་སྐབས་མི་སྒེར་གྱི་དཔང་ཡིག་བརྡ་འཕྲིན་ལ་ངེས་པར་དུ་སྲུང་སྐྱོབ་ལེགས་པོ་བྱེད་དགོས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།