ཀྲུང་དབྱང་སྐོར་ཞིབ་ཚན་ཁག་བཅོ་ལྔ་པའི་མཚོ་སྔོན་སྐོར་ཞིབ་ཕྱིར་ལྡོག་བསམ་འཆར་དག་ཐེར་བཅོས་བསྒྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས23ཉིན། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་བཅོ་ལྔ་པའི་མཚོ་སྔོན་སྐོར་ཞིབ་ཕྱིར་ལྡོག་བསམ་འཆར་དག་ཐེར་བཅོས་བསྒྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་པ་འཚོགས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས། དག་ཐེར་བཅོས་བསྒྱུར་དངོས་འབེབས་འཕེལ་རིམ་གྱི་གནས་ཚུལ་ལ་ཉན་པ་དང་། གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་གནང་བ་དང་། ཧྲིན་ཀྲང་ངམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཞིན་ཁྲང་ཞིང་གིས་གཏམ་བཤད་གནང་།

མགོ་ཁྲིད་ཚན་ཆུང་གི་ཁོངས་མི་མགོན་པོ་བཀྲ་ཤིས་དང་ཐིན་ཅ་ཚའེ། ཝང་ཡུས་ཡན། ཡུས་ཚོང་ལེ། ཀྲའོ་ཡའོ་ཞ། དེ་མིན་ཞིང་ཆེན་གྱི་མགོ་ཁྲིད་དབྱང་ཀྲི་ཝུན་བཅས་ཀྱིས་དག་ཐེར་བཅོས་བསྒྱུར་དངོས་འབེབས་འཕེལ་རིམ་གྱི་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས།

གྲོས་ཚོགས་སྟེང་ཆབ་སྲིད་ཀྱི་བླང་བྱ་ལག་བསྟར་བྱས་ཏེ་དག་ཐེར་བཅོས་བསྒྱུར་དམ་འཛིན་བྱེད་པར་དམིགས་པ་དང་། ཆབ་སྲིད་སྐྱོང་བ་ཐོག་མ་རུ་བཞག་ནས་ཆབ་སྲིད་ཀྱི་ཚད་གཞི་ལ་བརྟེན་ནས་བསྡུར་ཞིབ་བྱེད་པ་དང་། ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་དག་ཐེར་བཅོས་བསྒྱུར་བྱེད་པ། ཆབ་སྲིད་ཁག་ཁུར་ལ་བརྟེན་ནས་སྐུལ་འདེད་གཏོང་བ། ཆབ་སྲིད་ཕན་འབྲས་ལ་བརྟེན་ནས་ཞིབ་བཤེར་ཚད་ལེན་བྱེད་དགོས་པར་མ་ཟད། འགན་འཁྲི་དངོས་འབེབས་བྱེད་པ་དང་གནོན་ཤུགས་བརྒྱུད་ཁྲིད་བྱེད་པ། གོང་འོག་མཉམ་བསྲེས་བྱེད་པ། མཉམ་ཤུགས་ཆགས་པར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ་དག་ཐེར་བཅོས་བསྒྱུར་དམ་འཛིན་བྱེད་པར་དམིགས་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ཡོངས་ཁྱབ་ཆོས་ཉིད་དང་དུས་རབས་གསར་བའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པའི་ཡོངས་ཁྱབ་ཆོས་ཉིད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་སྤེལ་བྱེད་པའི་གཞི་རྩའི་བསྲུང་བྱའི་ཁྲོད་དུ་བྱེད་ཐབས་བཙལ་བ་དང་དྲིས་ལན་བཙལ་ནས། དག་ཐེར་བཅོས་བསྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བར་དམིགས་ཏེ་དག་ཐེར་བཅོས་བསྒྱུར་དམ་འཛིན་བྱེད་པ་དང་། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དེ་རིགས་གཞུང་བློ་སྦྱོང་དང་ཆབ་སྲིད་བློ་སྦྱོང་། སྒྲིག་ལམ་བློ་སྦྱོང་། སྤྱོད་ཚུལ་བློ་སྦྱོང་དུ་སྒྱུར་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྤོབས་སེམས་སྐུལ་ཏེ། དུས་རབས་གསར་བའི་ཁག་ཁུར་གསར་བ་དང་བྱ་སྤྱོད་གསར་བར་བརྟེན་ནས་ལག་ལེན་ལ་ཉམས་སད་ཐེག་པ་དང་མི་དམངས་དང་ལོ་རྒྱུས་ཀྱིས་ཞིབ་བཤེར་ཚད་ལེན་བྱེད་པའི་གྲུབ་འབྲས་གསར་སྐྲུན་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།