མཚོ་སྔོན་ཞིང་ཆེན་གྱིས2021ལོའི་ལོ་སྟོད་ཀྱི་དཔྱད་ཞིབ་དམིགས་ཚད་གཙོ་བོ་ལེགས་འགྲུབ་བྱས་ཚུལ་བརྡ་ཁྱབ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས《2021ལོའི་ལོ་སྟོད་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་བཟོ་ལས་གླིང་ཁུལ་དང་རྫོང(གྲོང་ཁྱེར་དང་ཆུས)བཅས་ཀྱི་དཔྱད་ཞིབ་དམིགས་ཚད་གཙོ་བོ་ལེགས་འགྲུབ་བྱས་ཚུལ་གྱི་བརྡ་ཁྱབ》(གཤམ་དུ《བརྡ་ཁྱབ》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས། གྲོང་ཁྱེར་དང་ཁུལ་སོ་སོའི2021ལོའི་ལོ་སྟོད་ཀྱི་ཐོན་ལས་དང་དམངས་འཚོ་འགན་སྲུང་སྐོར་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སྐོར་ཅིག་གིས་བཟོ་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས། རྫོང(གྲོང་ཁྱེར་དང་ས་ཁུལ)གི་གྲོང་གསེབ་དར་རྒྱས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་དམིགས་ཚད་གཙོ་བོ་རིམ་དབྱེ་དང་རིགས་འབྱེད་ཚན་པ་བགོས་ནས་བརྡ་ཁྱབ་བཏང་།

《བརྡ་ཁྱབ》ནང་། ལོ་སྟོད་དུ། སྣ་མང་རྙོག་འཛིང་ཆེ་བའི་དཔལ་འབྱོར་གནས་བབ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་ཅུང་མང་བའི་གནས་ཚུལ་ལ་ཁ་གཏད་ནས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྲ་བརྟན་གྱི་མགོ་ཁྲིད་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་ཚོགས་པས་མཚོ་སྔོན་ལ་གྲོས་ཞིབ་དང་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་འདྲེས་པར་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། ལས་དོན་སོ་སོ་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ལེན་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་ཡར་འཕེལ་དང་བརྟན་བརླིང་སྒོས་ལེགས་པོའི་ཕྱོགས་སུ་འཕེལ་ཡོད་པས། དཔལ་འབྱོར་འཕར་ཚད་དེ་སྔོན་དཔག་དང་མཐུན་པ་རེད། ས་ཁུལ་དང་སྡེ་ཁག་མང་ཆེ་བའི་དཔྱད་ཞིབ་དམིགས་ཚད་ལས་འགན་ཁག་སྔོན་དཔག་ཐུབ་པ་དང་ས་ཁུལ་དང་ལས་ཁུངས་སྐོར་ཅིག་ལ་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱེད་པར་གནོན་ཤུགས་ངེས་ཅན་འཕྲད་ཡོད་པར་བསྟན།

《བརྡ་ཁྱབ》ནང་ལོ་སྨད་དུ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་བཅུ་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། དམིགས་ཚད་ཁག་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། འཕྲེད་གཞུང་བསྡུར་བའི་ཐོག་ནས་གནད་དོན་ཤེས་རྟོགས་དང་། ཧེ་བག་ཤེས་རྟོགས། རྒྱུ་རྐྱེན་དབྱེ་ཞིབ། ཞིབ་ཕྲའི་བྱེད་ཐབས་བཅས་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཇེ་ནན་དུ་གཏོང་བ་དང་། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག་དཔྱད་ཞིབ་གཙོ་བའི་ལས་འགན་གྱི་གསལ་ཐོ་བཟོ་བ་དང་། རྩིས་ཁྲ་འགོད་པ། དུས་ཚོད་དམ་འཛིན་བྱེད་པ། འཕེལ་རིམ་ལ་དམ་འཛིན་བྱེད་པ། དཀའ་གནད་ལ་དམ་འཛིན་དང་ཚད་བརྒལ་ཡོང་བར་བྱེད་པ། ལས་དོན་བཀོད་སྒྲིག་ལ་ཤུགས་སྣོན་པ། ལས་འགན་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་པ་བཅས་ལ་ཕུལ་བྱུང་གྲུབ་འབྲས་བླངས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་གྲུབ་འབྲས་ཡག་པོ་ཞིག་སྤྲོད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།