ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཞིང་ལས་དང་གྲོང་གསེབ་ལེ་ཚན་ལྟེ་གནས་ཀྱིས་གྲོང་གསེབ་དར་སྤེལ་ལྟ་ཞིབ་ས་ཚིགས་ཀྱི་རྣམ་གྲངས་སྤེལ་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས23ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་ལེ་ཚན་ལྟེ་གནས་ཀྱིས་གྲོང་གསེབ་དར་སྤེལ་གྱི་ལྟ་ཞིབ་ས་ཚིགས་ཐོག་མ་དེ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝོའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ་རུ་རྐང་བཙུགས་པ་དང་། དེའི་སྟེང་ནས་ཞིང་ལས་གྲོང་གསེབ་ལེ་ཚན་ལྟེ་གནས་ཀྱིས་གྲོང་གསེབ་དར་སྤེལ་གྱི་ལྟ་ཞིབ་ས་ཚིགས་རྣམ་གྲངས་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་པ་མཚོན་ཡོད། དེ་དང་ཆབས་ཅིག་སྤྱི་ཁྱབ་ལས་ཁུངས་ཀྱི་ཞིང་ལས་གྲོང་གསེབ་ལེ་ཚན་ལྟེ་གནས་ཀྱི་སྨྱན་སྦྱོར་མཉམ་འདྲེས་རྣམ་གྲངས《གདངས་དབྱངས་གཅིག་གིས་གྲོང་གསབ་དར་སྤེལ་གླེང་བ》ཞེས་པ་དུས་གཅིག་ཏུ་དངོས་སུ་ཤར་གཏོང་བྱས།

“གྲོང་གསེབ་དར་སྤེལ་ལྟ་ཞིབ་ས་ཚིགས”ཀྱི་རྣམ་གྲངས་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་པ་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཞིང་ལས་གྲོང་གསེབ་ལེ་ཚན་ལྟེ་གནས་ཀྱིས་སླེབས་ལ་ཉེ་བའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་བཞི་པའི་ཐོག་བཏོན་པའི་སྤུས་ཚད་མཐོ་བའི་རིམ་སྤོར་བཟོ་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པའི་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་རེད། ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དཔེ་མཚོན་གྲོང་ཚོ་འདེམས་རྒྱུ་དང་། མཐོང་ཐོས་ཧྲིལ་བོ་དང་བརྒྱུད་རིམ་ཧྲིལ་བོའི་ཐོག་ནས་གྲོང་གསེབ་ཀྱི་ལས་ཡུལ་དང་པོའི་དར་རྒྱས་གོང་འཕེལ་གྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཕྱིར་མངོན་བྱ་རྒྱུ་མ་ཟད། གནས་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱས་ཚུལ་དོན་དངོས་དང་མཐུན་པའི་ངང་ཟིན་ཐོ་འགོད་རྒྱུ་རེད། པན་ཡན་སྡེ་བ་ནི་རྒྱལ་ཡོངས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་ལྟ་ཞིབ་ས་ཚིགས་དང་པོ་ཡིན་པས། རང་མགོ་རང་ཐོན་དང་། མཚོ་ཤར་ལ་ཁྱབ་པ། ཞིང་ཆེན་ཡོངས་ལ་ཕྱོགས་པ་བཅས་བྱས་ཏེ་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོང་དམིགས་བསལ་དུ་འཛིན་པའི་ཆ་རྐྱེན་འོག་དུས་རབས་གསར་པའི་གྲོང་གསེབ་དར་སྤེལ་མཐའ་འཁྱོངས་བྱེད་པ་གང་ལེགས་ཀྱིས་མངོན་པར་བྱ་རྒྱུ་རེད། ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཁྱབ་ལས་ཁུངས་ཀྱི་ཞིང་ལས་གྲོང་གསེབ་ལེ་ཚན་ལྟེ་གནས་ཀྱིས2021ལོར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང“གྲོང་གསེབ་དར་སྤེལ་གྱི་ལྟ་ཞིབ་ས་ཚིགས”5འཛུགས་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།