ཀྲང་ལི་མཚོ་སྔོན་ཞིང་ཆེན་དམངས་ཆེན་འཐུས་མིའི་གྲོས་འགོ་ལས་སྒྲུབ་ལན་འདེབས་ངོ་འཕྲད་ཚོགས་འདུར་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལི་ཞིང་ཆེན་དམངས་ཆེན་འཐུས་མིའི་གཙོ་གནད་གྲོས་འགོའི་ལས་སྒྲུབ་ལན་འདེབས་ངོ་འཕྲད་ཚོགས་འདུར་ཞུགས་ནས། ཐོག་མཐའ་བར་གསུམ་དུ་འཐུས་མི་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པ་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། འཐུས་མིའི་གྲོས་འགོའི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་ཡག་པོར་བསྒྲུབས་ཏེ། ཞིང་ཆེན་ཡོངས་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དང་། སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།  

ཀྲང་ལི་ཡིས་ནན་གྱིས་བསྟན་དོན། དམངས་ཆེན་འཐུས་མིའི་གྲོས་འགོ་ཡག་པོར་སྒྲུབ་རྒྱུ་ནི་སྲིད་གཞུང་གི་ཁྲིམས་བཀོད་འགན་འཁྲི་ཡིན། ལངས་གནས་མཐོ་རུ་བཏང་སྟེ། འཐུས་མིའི་གྲོས་འགོའི་སྒྲུབ་གཉེར་ལས་དོན་ལ་ངོས་འཛིན་གཏིང་ཟབ་བྱས་ཤིང་། ཆབ་སྲིད་གླེང་བ་དང་སྤྱི་ཡོངས་ལ་བསམ་གཞིགས་བྱེད་པ། མི་དམངས་ཀྱི་འདོད་བློར་བསྟུན་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་མཐོ་ཚད་ནས། རང་འགུལ་ངང་དཔེ་བསྡུར་ཚད་བསྡུར་བྱེད་པ་དང་། འཐུས་མིའི་གཙོ་གནད་དོ་ཁུར་ལ་བརྡ་ལན་ཧུར་ཐག་ཞུ་བ། བྱ་ཐབས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ནང་དོན་དང་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། “དམངས་ཡོངས”དང“ཀུན་ཕན”ལ་མཐོང་ཆེན་བྱེད་པར་ཤུགས་བརྒྱབ་ནས། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་། ཞན་ཆ་ཁ་གསབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་དགོས། འཐུས་མིའི་གྲོས་འགོ་སྒྲུབ་པའི་ལས་དོན་དེ་རྒྱུན་གཏན་གྱི་ལས་ཀ་དང་རྒྱུན་མཐུད་འབྲེལ་གཏུག རང་འགུལ་ངང་དམངས་ཆེན་གྱི་ལྟ་སྐུལ་དང་ལེན་བྱ་རྒྱུ་བཅས་དང་ཟུང་འབྲེལ་བྱས་ཏེ། གྲོས་འགོ་སྒྲུབ་པའི་ལས་དོན་གྱི་སྤུས་ཚད་མཐོ་རུ་བཏང་ནས། དམངས་ཆེན་འཐུས་མིའི་བློ་ཡིད་ཚིམ་པ་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་པར་བྱེད་དགོས།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།