གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཆུ་སྐྱེལ་འདྲེན་བྱེད་ཚད་ལོ་རེར་ཆ་སྙོམས་ཀྱིས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བརྒྱ་ལྷག་ཇེ་མང་དུ་འགྲོ་བཞིན་ཡོད་པ།

1.JPG

པར་འདི་ནི་ཟླ7པའི་ཚེས26ཉིན་པར་བླངས་པའི་འབྲི་ཆུའི་འབྱུང་ཡུལ་ས་ཁུལ་གྱི་འཁྱགས་ཀླུང་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནམ་ཟླ་ཇེ་དྲོ་དང་བརླན་འགྱུར་སོགས་ཀྱི་རྒྱུ་རྐྱེན་དབང་གིས་ཡ་གླིང་གི་ཆུ་མཛོད་ཅེས་མཚན་སྙན་ཡོད་པའི་གཙང་གསུམ་འབྱུང་ཡུལ་གྱི་ཉེ་བའི་ལོ་འགའི་རིང་གི་ཆུ་སྐྱེལ་འདྲེན་བྱེད་ཚད་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད། འདས་བའི་ལོ་ལྔ་རིང་། མཚོ་སྔོན་ཞིང་ཆེན་ནས་ཕྱིར་སྐྱེལ་འདྲེན་བྱེད་ཚད་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བརྒྱ་ལྷག་ཇེ་མང་དུ་འགྲོ་བཞིན་ཡོད་ལ། 2020ལོར་ཆུའི་སྤྱིའི་སྐྱེལ་འདྲེན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར950ཡན་ལ་སླེབས་ཡོད།

2.JPG

པར་འདི་ནི་ཟླ7པའི་ཚེས27ཉིན་པར་བླངས་པའི་འབྲི་ཆུའི་མགོ་ཁུངས་བྱང་རྒྱུད་ཀྱི་ཆུ་དམར་ཆུ་བོ་རེད།

མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གིས་གསར་དུ་བསྒྲགས་པའི2020ལོའི་མཚོ་སྔོན་ཞིང་ཆེན་གྱི་ཆུའི་ཐོན་ཁུངས་སྤྱི་བསྒྲགས་ལས་མངོན་པ་ལྟར་ན། 2020ལོར་མཚོ་སྔོན་ཞིང་ཆེན་ནང་ཁུལ་ནས་ཕྱིར་བཞུར་པའི་ཆུའི་ཚད་ནི་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར954.98ཡིན་པ་དང་། 2016ལོ་དང་བསྡུར་ན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར463.58ཇེ་མང་དུ་སོང་ལ། ཉེ་བའི་ལོ་ལྔའི་རིང་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར92ཇེ་མང་དུ་སོང་ཡོད། །

3.JPG

པར་འདི་ནི་ཟླ7པའི་ཚེས25ཉིན་པར་བླངས་པའི་འབྲི་ཆུའི་མགོ་ཁུངས་རེད།

4.JPG

པར་འདི་ནི་ཟླ7པའི་ཚེས23ཉིན་པར་བླངས་པའི་འབྲི་ཆུའི་མགོ་ཁུངས་ཀྱི་བརླན་ས་རེད།

5.JPG

པར་འདི་ནི་ཟླ7པའི་ཚེས23ཉིན་པར་བླངས་པའི་འབྲི་ཆུའི་མགོ་ཁུངས་ཀྱི་བརླན་ས་རེད།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།