མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་དཔུང་སྡེའི་སློབ་གསོ་དག་ཐེར་བསམ་འཆར་བསྡུ་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྲིམས་འཛིན་སྲིད་འཛིན་མ་ལག་གི་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བ་གཏིང་ཟབ་སྒོས་སྤེལ་ཆེད། ཟླ8པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་སྐོར་རིམ་གཉིས་པའི་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་བསམ་འཆར་བསྡུ་ལེན་བྱེད་པའི་ཚོགས་འདུ་ཐེངས་དང་པོ་བསྡུས་ནས། སྤྱི་ཚོགས་ཕྱོགས་སོ་སོས་ཁྲིམས་འཛིན་སྲིད་འཛིན་བྱ་བ་དང་དཔུང་སྡེ་འཛུགས་སྐྲུན་གྱི་བསམ་འཆར་ལ་ཉན། 

བསམ་འཆར་བསྡུ་ལེན་ཁྲོད། ཞིང་ཆེན་དམངས་ཆེན་འཐུས་མི་དང་ཞིང་ཆེན་སྲིད་གྲོས་ཨུ་ཡོན། ལས་བྱེད་རྒན་པའི་འཐུས་ཚབ། གཞི་རིམ་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གི་འཐུས་ཚབ་སོགས་མི11གདན་དྲངས་ནས། “སྲིད་འཛིན་བཀའ་བརྡ་ཡོངས་ཁྱབ་ངང་བཏང་མེད་པ་དང་ལག་བསྟར་ནུས་ཤུགས་མི་འདང་བའི་གནད་དོན་བཅོས་སྒྲིག་དང་། ཁྲིམས་འཛིན་འབུར་ཐོན་གནད་དོན་ལག་བསྟར་བྱེད་པར་ཤུགས་རྐྱེན་བཟོས་པའི་གནད་དོན་བཅོས་སྒྲིག ལས་ཁུངས་ཀྱི་བྱེད་སྟངས་བཅོས་སྒྲིག་སོགས་ལ་དམིགས་ཏེ། ‘ངས་གཞི་རིམ་གྱི་དཀའ་གནད་སེལ་བའི’བྱ་འགུལསོགས་ཐད་ནས་ཐབས་འདོན་ཇུས་འབུལ་བྱས་པ་དང་། གཞི་རིམ་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། “ཤེས་རིག་ཁྲིམས་འཛིན”འཛུགས་སྐྲུན། ཁྲིམས་འཛིན་སྲིད་འཛིན་ཆེད་ལས་མི་སྣའི་ནུས་ཤུགས་མཐོར་འདེགས། ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་སོགས་ཀྱི་ཐད་ནས་བསམ་འཆར27བཏོན།

འཐུས་མི་ཚོའི་བསམ་འཆར་ལ་ཉན་རྗེས། ཞིང་ཆེན་ཁྲིམས་འཛིན་ཐིང་གི་འབྲེལ་ཡོད་འགན་ཁུར་བས་བསྟན་དོན། ཏན་ཏིག་གིས་ལེགས་སྒྲིག་སྤྱི་བསྡོམས་བྱས་ཏེ། གནད་དོན་རྩིས་ཐོ་དང་བྱེད་ཐབས་རྩིས་ཐོ། འགན་ཁུར་རྩིས་ཐོ་བཅས་འཛུགས་ནས། བྱེ་བྲག་གི་སྣེ་ཁྲིད་མགོ་ཁྲིད་དང་སྣེ་ཁྲིད་སྡེ་ཁག། བྱེ་བྲག་གི་འགན་ཁུར་བ་གཏན་འབེབས་གསལ་བོ་བྱེད་དགོས་པ་དང་། གནད་དོན་བསམ་འཆར་དེ་བྱ་བ་ལེགས་བཅོས་ཀྱི་ཁ་ཕྱོགས་དང་སྒུལ་ཤུགས་སུ་བྱས་ནས། དཔུང་སྡེའི་སློབ་གསོ་དག་ཐེར་གཏིང་ཟབ་ཏུ་སྤེལ་བར་ཁག་ཐེག་བྱེད་དགོས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།