ཟི་ལིང་གྲོང་ཁྱེར་གྱི་སེམས་ཁམས་སྐྱོན་ཅན་བདག་སྐྱོང་ཞབས་ཞུའི་ཚོད་ལྟའི་སྡེ་ཁག་ཐོག་མའི་སྒོ་བྱང་བཀལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ལིང་གྲོང་ཁྱེར་གྱི་སེམས་ཁམས་སྐྱོན་ཅན་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བསམ་བློ(སེམས་ཁམས)ནད་རིགས་ཕོག་པའི་མྱུར་སྐྱོབ་བྱ་བ་ལེགས་པོར་སྒྲུབ་ཏེ། ཁྱིམ་ཚང་གི་ཁུར་བོ་ཇེ་ཡང་དུ་གཏོང་ཆེད། ཟླ8པའི་ཚེས19ཉིན། ཟི་ལིང་གྲོང་ཁྱེར་གྱི་སེམས་ཁམས་སྐྱོན་ཅན་བདག་སྐྱོང་ཞབས་ཞུའི་ཚོད་ལྟའི་སྡེ་ཁག་དེ་མཚོ་སྔོན་ཁང་མིན་སྨན་ཁང་དུ་སྒོ་བྱང་བཀལ།

ཟི་ལིང་གྲོང་ཁྱེར་གྱིས་ཧུར་ཐག་གིས་སེམས་ཁམས་སྐྱོན་ཅན་བདག་སྐྱོང་ཞབས་ཞུའི་རྣམ་པ་འཚོལ་ཞིབ་བྱས་པ་དང་། ཟི་ལིང་གྲོང་ཁྱེར་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡུལ་དངོས་ནས་རྒྱུས་ལོན་དང་། སེམས་ཁམས་སྐྱོན་ཅན་ཁྱིམ་ཚང་གི་དགོས་མཁོ་དང་ཟུང་འབྲེལ་སྒོས། མཚོ་སྔོན་ཁང་མིན་སྨན་ཁང་དེ་ཟི་ལིང་གྲོང་ཁྱེར་གྱི་སེམས་ཁམས་སྐྱོན་ཅན་བདག་སྐྱོང་ཞབས་ཞུའི་ཚོད་ལྟའི་སྡེ་ཁག་ཏུ་གྱུར། མཚོ་སྔོན་ཁང་མིན་སྨན་ཁང་ནི་ཟི་ལིང་གྲོང་ཁྱེར་གྱི་རིམ་པ་གཉིས་པའི་སེམས་ཁམས་ཆེད་སྦྱོང་སྨན་ཁང་ཡིན་པ་དང་། རིགས་སྣ་ཚོགས་ཀྱི་སེམས་ཁམས་ནད་རིགས་གསོ་བཅོས་བྱེད་བཞིན་ཡོད། སྨན་བཅོས་སྒྲིག་ཆས་སྔོན་ཐོན་ཡིན་ཞིང་ཆ་ཚང་ལ། ད་ཡོད་ཀྱི་ནད་ཁྲི400ལྷག་ཡོད་ཅིང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3000ཡོད་པ་དང་། སྨན་ཁང་དུ་སེམས་ཁམས་ཚན་ཁག་དང་། ཁོང་ནད་དང་ཕྱི་ནད་ཚན་ཁག འགོག་སྲུང་བདེ་སྲུང་ཚན་ཁག་སོགས་ཡོད་ཅིང་། མཚོ་སྔོན་ཁང་མིན་སྨན་ཁང་གི་ཐོན་ཁུངས་དགེ་མཚན་གྱིས་ཟི་ལིང་གྲོང་ཁྱེར་གྱི་སེམས་ཁམས་སྐྱོན་ཅན་ལས་དོན་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།