མཚོ་སྔོན་ཞིང་ཆེན་གྱིས་ཚུལ་དང་མི་མཐུན་པའི་འགྲན་རྩོད་བྱ་བར་ངོ་རྒོལ་བྱེད་པའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས་ཚུལ་དང་མི་མཐུན་པའི་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ཏེ། སྔར་ལས་ལྷག་པར་འགྲན་རྩོད་ཀྱི་སྒྲིག་ལམ་འགན་སྲུང་བྱེད་པའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་ཐག་གཅོད་བྱ་རྒྱུ་རེད། 

མཉམ་འབྲེལ་གྲོས་ཚོགས་ནི་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་དང་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིང་། ཞིང་ཆེན་སྤྱི་བདེ་ཐིང་སོགས་སྡེ་ཁག16ལས་གྲུབ་པ་དང་། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ནི་སྣེ་ཁྲིད་ལས་ཁུངས་ཡིན་ལ། མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་དེ་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་རུ་བཙུགས་ཡོད།

མཉམ་འབྲེལ་གྲོས་ཚོགས་ཀྱི་འགན་ནུས་གཙོ་བོ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚུལ་དང་མི་མཐུན་པའི་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ལས་དོན་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཚུལ་དང་མི་མཐུན་པའི་འགྲན་རྩོད་བྱ་བར་སྤྱི་ཁོག་ནས་མཛུབ་ཁྲིད་བྱེད་པར་ཤུགས་སྣོན་རྒྱུ་ལས་གཞན། ཚུལ་དང་མི་མཐན་པའི་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་སྲིད་ཇུས་དང་བྱ་ཐབས། མཛུབ་ཁྲིད་བཅས་ལ་ཞིབ་འཇུག་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏང་སྟེ། འབྲེལ་ཡོད་སྡེ་ཁག་གིས་ཚུལ་དང་མི་མཐུན་པའི་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་བྱ་བའི་འགན་འཁྲི་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་ཚུལ་དང་མི་མཐུན་པའི་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཁྲོད་གནས་པའི་གནད་དོན་གལ་ཆེན་ལ་མཐུན་སྦྱོར་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།