ད་ལོའི་ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་སྤྱི་ཚོགས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར11.5བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་ལོ་དཀྱིལ་གྱི་གནས་བབ་དབྱེ་ཞིབ་གྲོས་ཚོགས་སྟེང་ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་འགན་འཁྲི་དང་ལས་སྒོ་གཙོ་བོར་དམིགས་ནས། འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་པ། གསར་གཏོད་དང་འཚོལ་ཞིབ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་སྤྱི་ཚོགས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར11.5བཏང་བར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོར་བྱ་ཡུལ་ཁྲི35.45ཡི་འཚོ་བར་བློས་འགེལ་ཆོག་པའི་འགན་ལེན་བྱས་པ་དང་། མི་ཐེངས་ཁྲི7.75ལ་གནས་སྐབས་དཀའ་ཁག་ལ་འཕྲད་པར་དུས་ལྟར་རོགས་སྐྱོར་བྱས། 

ལོ་སྟོད་དུ་ཞིང་ཆེན་དམངས་སྲིད་ཐིང་གིས《གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་དང་འགྲོ་སོང་རྣམ་པའི་ཁྱིམ་ཚང་དབུལ་པོའི་གནད་སྨིན་ངོས་འཛིན་དང་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལས་དོན་ཕྱོགས་ཡོངས་ནས་སྤེལ་བའི་སྐོར་གྱི་བརྡ་ཐོ》སོགས་ཀྱི་ཡིག་ཆ་བཀྲམ་ནས། ཡོང་འབབ་དམའ་བའི་ཁྱིམ་ཚང་དང་འགྲོ་སོང་རྣམ་པའི་ཁྱིམ་ཚང་དབུལ་པོའི་གནད་སྨིན་ངོས་འཛིན་དང་། འགུལ་རྣམ་ལྟ་ཞིབ་ཚད་ལེན། རོགས་སྐྱོར་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་གི་ཚད་མཐའ་བརྟན་པོ་བསྲུངས། ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང7797གྱི་མི་གྲངས19093གསར་སྣོན་བྱས་པ་དང་། དུད་ཚང11281གི་མི42264ཕྱིར་འཐེན་བྱས་ནས། ཡོང་འབབ་དམའ་བའི་མི་འབོར་ཁྲི10.25ལ་ཞིབ་བཤེར་ཆོག་མཆན་སྤྲད་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་དང་སྲ་བརྟན་ཇེ་མཐོར་གཏོང་བའི་འགུལ་སྐྱོད་གཏིང་ཟབ་སྤེལ་བ། ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་ཚོགས་སྤྱི་མ་མཐའི་འཚོ་བ་འགན་སྲུང་དང་། དམིགས་བསལ་དཀའ་ངལ་ཡོད་པ། གནས་སྐབས་དཀའ་ཁག་ལ་འཕྲད་པར་རོགས་སྐྱོར་བྱེད་པ་སོགས་དུས་ཐོག་ཏུ་འགན་ལེན་ཁྱབ་ཁོངས་སུ་བཅུག་ནས། ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱིས་སྤྱི་ཚོགས་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར11.5བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོར་བྱ་ཡུལ་མི་ཁྲི35.45ལ་བློས་འགེལ་ཆོག་པའི་འགན་ལེན་བྱས་ཤིང་། མི་ཐེངས་ཁྲི7.75(ཐེངས)ལ་གནས་སྐབས་དཀའ་ངལ་འཕྲད་པའི་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོར་བྱས། གཞི་རྩའི་སྤྱི་ཚོགས་ཞབས་ཞུ་མཁོ་འདོན་ཤུགས་ཆེན་པོས་ཇེ་ལེགས་སུ་ཕྱིན་པ་དང་། “རྒན་གཅིག་གཞོན་གཅིག”གི་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབ་རྒྱུ་གཙོ་གནད་དུ་བཟུང་སྟེ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོར་ཞབས་ཞུའི་སྒྲིག་བཀོད་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་བ་དང་། དཀའ་ངལ་ཡོད་པའི་རྒན་རྒོན་ཁྱིམ་སྡོད་ལ་འཕྲོད་པའི་བསྒྱུར་བཀོད་དང་གྲོང་གསེབ་རོགས་རེས་བདེ་སྐྱིད་ཁང་གསར་སྐྲུན། རྒྱས་སྐྲུན་བཅས་ཀྱི་རྣམ་གྲངས་ལ་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཐད་དཀའ་ཁག་ཡོད་པའི་ལོ་ལོན་རྒན་པའི་འཇོན་ནུས་ཤོར་བའི་རིམ་པར་དཔྱད་འཇོག་བྱས་ནས། བྱིས་པའི་ཕན་བདེའི་སྒྲིག་གཞིའི་ས་ཆ5ཡི་ཚད་གཞི་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་དང་། ཡུལ་འཁྱམ་སློང་ལ་རོགས་སྐྱོར་དང་དོ་དམ་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ། ཞིང་ཆེན་བརྒལ་ནས་དབང་པོ་སྐྱོན་ཅན་ལ“ཁ་གསབ་གཉིས”སྤྲོད་པ། ཞིང་ཆེན་ནང་ཁུལ་དུ་གཉེན་སྒྲིག་ཐོ་འགོད་བྱེད་རྒྱུ་བཅས་ལ་སྐུལ་འདེད་གཏོང་བ་བཅས་དང་། ཞིང་ཆེན་ཡོངས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)28སུ་སྤྱི་ཚོགས་ལས་མིའི་ས་ཚིགས་འཛུགས་སྐྲུན་ཚོད་ལྟ་བྱས་པ་རེད།

གཞན་ཡང་རྨ་སྟོད་ས་ཡོམ་གྱི་ཡོམ་འགོག་རྒུད་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབས་ཏེ། ཟླ་བ་གསུམ་གྱི་མ་མཐའི་འཚོ་བའི་འགན་སྲུང་དངུལ་དང་། དེ་བཞིན་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོར་དངུལ་སྒོར་ཁྲི697ཐེངས་གཅིག་གིས་སྤྲད་པས། དཀའ་ངལ་ཡོད་པའི་མང་ཚོགས་ཁྲི1.1ལ་ཕན་པ་ཐོབ་པ་རེད། “སྔོན་ལ་རོགས་སྐྱོར”དང་ཞིབ་མཆན་འགོད་པའི་དབང་ཆ་གཤམ་སྤྲོད་སོགས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁྱོན་མི་ཐེངས4730ལ་རོགས་སྐྱོབ་བྱས་པ་དང་། གནས་སྐབས་རོགས་སྐྱོབ་མ་དངུལ་སྒོར་ཁྲི238.8སྤྲད། “མ་དངུལ་དང་དངོས་པོ། ཞབས་ཞུ་བཅས་ཟུང་དུ་འབྲེལ་བའི”རོགས་སྐྱོབ་བྱེད་སྟངས་ཧུར་ཐག་གིས་ཁྱབ་གདལ་བཏང་བ་དང་། རིགས་དབྱེ་ཅན་དང་ཧེ་བག་ཅན་གྱི་རོགས་སྐྱོབ་ལག་བསྟར་བྱས་པས། གནོད་ཐེབས་ས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་དགོས་མཁོར་ནུས་པ་ལྡན་པའི་འགན་ལེན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།