སྐབས་བཞི་བའི“རབ་མཛེས་མཚོ་སྔོན་པོ”སྐྱེ་ཁམས་པར་ལེན་འགྲན་བསྡུར་ཆེན་མོའི་གྲུབ་འབྲས་འགྲེམ་སྟོན་ཟི་ལིང་དུ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན། རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་དང་། རབ་མཛེས་མཚོ་སྔོན་གྱི་བརྩེ་བ་བརྒྱུད་བསྐུར་བྱེད་པའི“མཚོ་སྔོན་པོར་སྲུང་སྐྱོབ་དང་ང་ནི་དང་བླངས་པ་ཡིན”ཞེས་པའི སྐབས་བཞི་བའི“རབ་མཛེས་མཚོ་སྔོན་པོའི”སྐྱེ་ཁམས་པར་ལེན་འགྲན་བསྡུར་ཆེན་མོའི་གྲུབ་འབྲས་འགྲེམ་སྟོན་དེ་མཚོ་སྔོན་ཞིང་ཆེན་མཛེས་རྩལ་ཁང་དུ་སྤེལ་བ་དང་། འགྲེམ་སྟོན་ཟླ8པའི་ཚེས30ཉིན་བར་སྤེལ་རྒྱུ་རེད། གྲུབ་འབྲས་འགྲེམ་སྟོན་གྱིས་མཚོ་སྔོན་པོའི་དུས་ཚིགས་བཞི་བའི་མཛེས་ལྗོངས་དང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས། སྐྱེ་ཁམས་སྲུང་སྐྱོབ་གྲུབ་འབྲས། མི་རིགས་ཡུལ་སྲོལ་དང་། མི་ཚུལ་མཛེས་ལྗོངས། དམངས་སྲོལ་བྱ་འགུལ། དེ་མིན་དང་བླངས་ཞབས་ཞུའི་བྱ་འགུལ་སོགས་ཀྱི་ནང་དོན་ཡོད་ཅིང་། མཚོ་སྔོན་པོའི་སྐྱེ་ཁམས་མཛེས་པ་དང་མི་ཚུལ་མཛེས་པ། འཆམ་མཐུན་མཛེས་པ་བཅས་འགྲེམ་སྟོན་བྱས་ཡོད། 

སྐབས་འདིའི“རབ་མཛེས་མཚོ་སྔོན་པོའི”སྐྱེ་ཁམས་པར་ལེན་འགྲན་བསྡུར་གྲུབ་འབྲས་འགྲེམ་སྟོན་ལ་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་དང་དོ་དམ་ཅུའུ། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས། ཆེད་ལས་ཚན་ཆུང་དང་ལས་ཞོར་ཚན་ཆུང་གི་པར་ལེན་པ128ཡི་བརྩམས་ཆོས1600ཉེ་བ་འབྱོར་ཡོད་ཅིང་། དཔྱད་འདེམས་བྱ་དགའི་བརྩམས་ཆོས120དང་གྲུབ་འབྲས་འགྲེམ་སྟོན་རི་མོ160འགྲེམ་སྟོན་ཁྲོད་ཞུགས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།