དབྱང་ཀྲི་ཝུན་གྱིས་སྟོན་དུས་སློབ་སྐབས་ཀྱི་སློབ་མགོ་རྩོམ་པའི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ཟི་ལིང་གྲོང་ཁྱེར་དུ་སྟོན་དུས་སློབ་སྐབས་ཀྱི་སློབ་མགོ་རྩོམ་པའི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏན་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། སློབ་གྲྭའི་སློབ་གསོ་སློབ་ཁྲིད་གཅིག་གྱུར་དང་། རིམས་ནད་འགོག་བཅོས་ཚོད་འཛིན་བདེ་འཇགས་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་ནས། སྟོན་དུས་སློབ་སྐབས་བརྟན་བརླིང་གོ་རིམ་ལྡན་པའི་ངང་སློབ་མགོ་རྩོམ་པར་ཁག་ཐེག་བྱེད་དགོས་ཞེས་བསྟན། 

དབྱང་ཀྲི་ཝུན་སྔ་གཞུག་ཏུ་ཧྲིན་ན་སློབ་ཆུང་དང་མཐོ་རིམ་སློབ་འབྲིང་བཞི་བ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཡུལ་དངོས་སུ་སོང་ནས་དྲོད་གྲངས་ལྟ་ཞིབ་ཚད་ལེན་བྱེད་ས་དང་། དངོས་རྫས་གསོག་ཉར་ཁང་། སློབ་མའི་ཇ་ཁང་སོགས་སུ་སོང་ནས། རིམས་ནད་འགོག་བཅོས་དངོས་རྫས་གྲ་སྒྲིག་དང་། དགེ་སློབ་ཀྱི་འགོག་ཁབ་རྒྱག་པ། སློབ་རའི་དུག་སེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་བསམ་བློའི་ངེས་ཤེས་ཟབ་སྤེལ་དང་། སློབ་མགོ་རྩོམ་པའི་གྲ་སྒྲིག་དང་སློབ་རའི་བདེ་འཇགས་བྱ་བའི་འགན་འཁྲི་དང་དམ་དྲག་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ། ལས་འགན་སོ་སོ་དོན་འཁྱོལ་ཡོང་བར་གཟབ་ནན་བྱས་ནས། ཆད་ལྷག་མེད་པར་ཁག་ཐེག་བྱེད་དགོས། བྱ་བའི་བྱེད་ཐབས་ཤུགས་སྣོན་དང་། ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་སློབ་གྲྭའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བླང་བྱ་ལྟར། དྲོད་གྲངས་ཚད་ལེན་དང་ཨང་བཤེར་བྱ་བ་གཟབ་ནན་དང་། ཉིང་སྐྱུར་བརྟག་དཔྱད་སོགས་ཀྱི་འགོག་བཅོས་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ཏེ། དགེ་སློབ་ཀྱི་བསམ་བློ་ཀུན་སྤྱོད་སྣེ་ཁྲིད་ལ་ཤུགས་བསྣན་ནས། ཕན་ནུས་མཐོ་བའི་འགོག་བཅོས་ཚོད་འཛིན་བྱ་བ་གནད་ཁེལ་ཡོང་བར་བྱས་ཏེ། ལྟ་སྐུལ་དོ་དམ་དང་དངོས་རྫས་གསོག་ཉར་ལ་ཁག་ཐེག་བྱེད་པ་དང་། སློབ་རའི་བདེ་འཇགས་བརྟན་སྲུང་དང་། རིམས་ནད་སློབ་རའི་ནང་དུ་གཅིག་ཀྱང་མི་ཁྱབ་པ་མངོན་འགྱུར། དགེ་སློབ་གཅིག་ཀྱང་མི་འགོ་བར་བྱེད་པ། གཙོ་གནད་དང་དམ་དུ་འབྲེལ་བ་དང་། ཁྱོན་ཡོངས་ནས་སློབ་རའི་བདེ་འཇགས་ཉེན་ཁ་ལེགས་བཅོས་བྱ་བ་སྤེལ་བའི་དུས་མཚུངས་སུ། སློབ་རའི་ཉེ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ལེགས་པོར་སྒྲུབ་དགོས། བྱ་བའི་འགན་འཁྲི་གཟབ་ནན་དང་། ཁོངས་གཏོགས་ས་གནས་དང་སྡེ་ཁག སློབ་གྲྭ དགེ་རྒན། ཁྱིམ་བདག་སོགས་ཕྱོགས་སོ་སོའི་འགན་འཁྲི་གཟབ་ནན་སྒོས་དོན་འཁྱོལ་དང་། སྡེ་ཁག་དང་ཁྱིམ་བདག ཉེ་འཁོར་ལས་ཁུངས་དང་སློབ་གྲྭའི་བར་གྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས། མཉམ་འགོག་མཉམ་བཅོས་བྱ་བའི་འདུས་ཤུགས་གོང་བུ་གཅིག་ཏུ་བསྒྲིལ་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།