“ནུབ་རྒྱུད་གཟི་འོད”ཀྱི་འཇོན་མིའི་གསོ་སྐྱོང་འཆར་འགོད་རྣམ་གྲངས་ཀྱི་དཔྱད་ཞིབ་བདེ་བླག་ངང་མཇུག་སྒྲིལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་བསྡུ་སྒྲིག་བྱས་པའི“ནུབ་རྒྱུད་གཟི་འོད”ཀྱི་འཇོན་མིའི་གསོ་སྐྱོང་འཆར་འགོད་རྣམ་གྲངས་ལ་ཐོག་མའི་དཔྱད་ཞིབ་བྱས། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན།མཚོ་སྔོན་ཞིང་ཆེན་ས་གཤིས་རྩད་ཞིབ་གླིང་བཞི་བ། མཚོ་སྔོན་ཞིང་ཆེན་མདོག་ལྡན་ས་གཤིས་རྩད་ཞིབ་གླིང་གསུམ་པ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་སོགས་ལས་ཁུངས་ཀྱི་ན་གཞོན་ཚན་རིག་ཞིབ་འཇུག་པ41རྣམ་གྲངས་ཀྱི་དྲིས་ལན་ཁྲོད་ཞུགས། ཆེད་མཁས་པའི་དཔྱད་ཞིབ་བྱས་པ་བརྒྱུད། ཀྲུང་གོའི་ཚན་རིག་ཞིབ་འཇུག་གླིང་ལན་ཀྲུ་ཡན་ལག་གླིང་གིས“ནུབ་རྒྱུད་གཟི་འོད”ཀྱི་འཇོན་མིའི་གསོ་སྐྱོང་འཆར་འགོད་རྣམ་གྲངས12འོས་སྦྱོར་བྱས།

ཀྲུང་གོའི་ཚན་རིག་ཞིབ་འཇུག་གླིང་གི“ནུབ་རྒྱུད་གཟི་འོད”ཀྱི་འཇོན་མིའི་གསོ་སྐྱོང་འཆར་འགོད་རྣམ་གྲངས་དེ་སྤྱི་ལོ1996ལོར་མགོ་བརྩམས་པ་དང་། དེ་ནི་ཀྲུང་གོའི་ཚན་རིག་ཞིབ་འཇུག་གླིང་གིས་ནུབ་རྒྱུད་ས་ཁུལ་གྱི་འཇོན་མི་གསོ་སྐྱོང་དང་། དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ལག་བསྟར་བྱས་པའི་ཆེད་སྤྱོད་འཇོན་མིའི་གསོ་སྐྱོང་འཆར་གཞི་ཞིག་ཡིན། “ནུབ་རྒྱུད་གཟི་འོད”ཀྱི་འཇོན་མིའི་གསོ་སྐྱོང་འཆར་འགོད་ལས་གཞི་ལག་བསྟར་བྱས་པའི་རིང་ལ། མཚོ་སྔོན་དུ་རིག་གཞུང་ཆུ་ཚད་ཅུང་མཐོ་བ་དང་ཚན་རིག་ཞིབ་འཇུག་ནུས་ཤུགས་ལྡན་པའི་ཚན་རྩལ་རྐང་འཛིན་སྐོར་ཞིག་གསོ་སྐྱོང་བྱས་པའི་དུས་མཚུངས་སུ། ཕུལ་བྱུང་མཐོ་རིམ་ན་གཞོན་འཇོན་མིས་ཚན་རིག་ཞིབ་འཇུག་བྱ་བ་སྤེལ་བ་དང་། ཚོགས་པ་འཛུགས་སྐྲུན་ཐད་སྟེགས་བུ་ཆེན་མོ་མཁོ་འདོན་བྱས་ཏེ། ཕུལ་བྱུང་ན་གཞོན་འཇོན་མི་ནང་འགུག་དང་བརྟན་བརླིང་ཕྱོགས་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།