ལིའུ་ཐའོ་ཡིས་མཚོ་སྔོན་པོའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུབ་སྐྱོབ་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་མདའ་བཞི་རྫོང་ཁུ་ཐུའུ་ཀྲི་བྱེ་གནས་དང་མཚོ་སྔོན་པོའི་ཤར་ཕྱོགས་ཀྱི་ལུག་རྒྱུད་གསོ་སྤེལ་ར་བ། གུང་ཧོ་རྫོང་ཅང་ཤེས་ཁུག་གྲོང་བརྡལ་སོགས་སུ་སོང་ནས་དངོས་སུ་མཚོ་ཁུལ་གྱི་བྱེ་འགོག་བྱེ་སྐྱོང་གནས་ཚུལ་དང་མཚོ་སྔོན་པོའི་ཆུ་ངོས་ཡར་འཕགས་ནས་རྩྭ་ར་བཀླུབས་པའི་ཁ་གསབ་རྐྱེན་སྲོལ་འཛུགས་སྐྲུན། མཚོ་སྔོན་པོའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་གནས་ཚུལ་སོགས་ལ་རྟོག་ཞིབ་བྱས་པ་དང་། ཀྲུང་དབྱང་ལྟ་ཞིབ་ཕྱིར་ལྡོག་གནད་དོན་བཅོས་སྒྱུར་ལ་ལྟ་སྐུལ་བྱས་པར་མ་ཟད། མཚོ་སྔོན་པོའི་ཡུལ་སྐོར་ཁུལ་གྱི་སྲུང་སྐྱོབ་དང་བཀོད་སྤྱོད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་པོར་རྟོག་ཞིབ་མཛད་སྐབས་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཉན་པ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་གལ་ཆེན་ལ་བཀོད་སྒྲིག་བྱས།

ལིའུ་ཐའོ་ཡི་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་འབྲེལ་བའི་བླང་བྱ་གལ་ཆེན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལག་ལེན་དངོས་སུ་བསྒྱུར་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། བློ་བརྟན་འགྱུར་མེད་སྒོས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་མཚོ་སྔོན་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བསྲུང་བྱར་བརྩིས་ཏེ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་གཙོ་ཐིག་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་བརྗོད་གཞིར་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཁུལ་གྱི་ཚད་གཞི་སྐྲུན་དགོས་ལ། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་ཀྱི་ཆགས་སྟངས་གསར་བ་མགྱོགས་མྱུར་ངང་གསར་སྐྲུན་བྱེད་དགོས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།