ཚེ་རིང་ཐར་གྱིས་ཞོད་འགོག་བྱ་བར་ཞིབ་བཤེར་བྱེད་སྐབས། ཉེན་ཁའི་འདུ་ཤེས་ཤུགས་དྲག་ཏུ་གཏོང་བ་དང་ཚད་མཐའི་བསམ་བློ་བརྟན་པར་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་ཆུའི་གནོད་པ་དང་ཐན་པའི་འགོག་སྲུང་བྱ་བ་ལེགས་པར་སྒྲུབ་དགོས་ཞེས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་ཚྭ་རྔ་འགག་དང་ཏ་ཧྭ། ཞི་ན་ཁྲོན་ཆུ་མཛོད་སོགས་སུ་སོང་ནས་ཞོད་འགོག་དང་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་བྱ་བར་ཞིབ་བཤེར་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་རོགས་སྐྱོབ་བྱ་བའི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ལྷོད་ཡངས་བྱེད་པའི་བསམ་བློ་མི་འཛིན་པ་དང་ཚད་མཐའི་བསམ་བློ་བརྟན་པོར་བྱས་ཏེ། ཞོད་འགོག་གནོད་འགོག་བྱ་བ་བཟང་བོར་སྒྲུབ་དགོས།

ཚེ་རིང་ཐར་གྱིས་ནན་གྱི་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་ས་གཤིས་གནོད་པ་འཀག་འགོག་ནན་མོ་བྱེད་དགོས་ལ། བཟོ་སྐྲུན་དུས་སྐབས་དང་མཁར་གྲོང་དང་སྡེ་བའ་སོགས་ཁུལ་ཁོངས་གཙོ་བོའི་ཞོད་འགོག་བདེ་འཇགས་ལ་ཞིབ་བཤེར་ནན་མོ་དང་བཅོས་སྒྱུར་བྱེད་དགོས། གཏན་སྲུང་ལས་རེས་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་སྟོབས་ཤུགས་བསྡུས་ནས་སྔོན་བསྒྲགས་དང་ཉེན་གཏོང་། སྔོན་དཔག་ཇུས་གཞི། སྔོན་འགོག་སྦྱོང་བརྡར་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཞོད་དུས་མ་སོང་བར་ཞིབ་བཤེར་མཚམས་མི་འཇོག་པ་དང་བཅོས་སྒྱུར་མཚམས་མི་འཇོག་པའི་བླང་བྱ་ལྟར་ཞོད་དུས་ཀྱི་ཉེན་ཁ་སེལ་དགོས། བདེ་འཇགས་ཐོན་སྐྱེད་ལས་འགན་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས་ཞོད་འགོག་ལས་འགན་དོན་འཁྱོལ་བྱེད་དགོས། ཞོད་དུས་ཀྱི་ཆུ་དཔོན་མཚོ་དཔོན་ལམ་ལུགས་དོན་འཁྱོལ་བྱས་ནས་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ་དང་ཆུའི་བཞུར་རྒྱུད་ལ་དོ་དམ་བྱེད་པ། ཆུའི་འབག་བཙོག་བཀག་འགོག་བྱེད་པ། ཆུའི་ཁོར་ཡུག་སྲུང་སྐྱོབ་བྱེད་པ། ཆུའི་སྐྱེ་ཁམས་སླར་གསོ་སོགས་ཀྱི་བྱ་བ་རྒྱུན་རྣམ་ཅན་དུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་མ་ལག་ཀྱི་བདེ་འཇགས་རང་བཞིན་དང་གཏན་འཇགས་རང་བཞིན་མཐོར་འདེགས་གཏོང་དགོས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།