འཆལ་གཏམ། དཔའ་ལུང་དུ་པྲོག་གསར་ནད་པ་ཐོན་འདུག་ཅེས་པའི་ཆ་འཕྲིན་རྫུན་མ་རེད།

བརྡ་ཁྱབ།

2021ལོའི་ཟླ8པའི་ཚེས18ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་མི་དམངས་སྨན་ཁང་གིས་ཚ་བ་རྒྱས་པའི་ནད་པ་ཞིག་ལ་སྨན་བཅོས་བྱས་པ་དང་བརྟག་དཔྱད་བརྒྱུད། གློ་བར་གཉན་ཚད་རྒྱས་པ་དང་སྙིང་ཤུགས་ཉམས་པའི་ནད་རྟགས་ཡིན་པར་ངོས་བཟུང་བ་དང་། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་པའི་མཇུག་འབྲས་ཀྱང་སྲིབ་གཤིས་ཡིན་པ་རེད། འོན་ཀྱང་། མང་ཚོགས་སྐོར་ཞིག་གིས་ཡུལ་དངོས་སུ་བརྙན་ཐུང་བླངས་ནས། བསམ་བཞིན་དུ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་པའི་མཇུག་འབྲས་གདགས་གཤིས་ཡིན་པའི་པྲོག་གསར་ནད་པ་ཐོན་འདུག་ཅེས་པའི་འཆལ་གཏམ་དྲིལ་བསྒྲགས་བྱས་ཤིང་། ད་ལྟ་སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་དང་ཐག་གཅོད་བྱེད་བཞིན་པའི་སྒང་ཡིན། དེར་བརྟེན། རྒྱ་ཆེའི་མང་ཚོགས་ཀྱིས་ཧོལ་རྒྱུག་མི་བྱེད་པར་གཞུང་ཕྱོགས་ཀྱི་གསར་འགྱུར་ལམ་ནས་ཁྱབ་བསྒྲགས་བྱས་པའི་རིམས་ནད་ཀྱི་བརྡ་ཁྱབ་ལ་དོ་སྣང་བྱེད་པ་དང་རང་འགུལ་ངང་རིམས་ནད་སྔོན་འགོག་བྱེད་ཐབས་ལ་བརྩི་སྲུང་བྱས་ཏེ། འཆལ་གཏམ་ལ་ཡིད་མི་ཆེས་པ་དང་འཆལ་གཏམ་བརྒྱུད་སྒྲོག་བྱ་མི་རུང་།

དཔའ་ལུང་རྫོང་པྲོག་གསར་གློ་ཚད་རིམས་ནད་བཀག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ། (ཚབ)

2021ལོའི་ཟླ8པའི་ཚེས18ཉིན།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།