མཚོ་སྔོན་གྱི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད57.4%ལ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད57.4%ལ་སླེབས་ཡོད་ཅིང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་བརྟན་བརླིང་ཡིན་པ་རྒྱུན་འཁྱོངས་བྱས་ཏེ་ཇེ་ལེགས་སུ་འགྱུར་བའི་རྩྭ་ཐང་གི་གཞི་ཁྱོན87%ལ་སླེབས་ཡོད།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་དུ་མིག་སྔར་རང་བྱུང་རྩྭ་སའི་གཞི་ཁྱོན་མུའུ་དུང་ཕྱུར6.32ཡོད་པ་དང་། དེ་ནི་མཚོ་བོད་མཐོ་སྒང་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་སྐོར་ཐེངས་གཉིས་པ། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་། ཕྱུགས་བསྐྱུར་རྩྭ་གསོ་སོགས་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་ལས་གཞི་ཆེན་པོ་ལག་བསྟར་བྱས་ཏེ། ཕྱུགས་འགོག་དང་རྩྭ་ཕྱུགས་དོ་མཉམ་འཕེལ་རྒྱས་ལམ་ལུགས་དངོས་འབེབས་ནན་མོ་བྱས་པས། རྩྭ་ཐང་གི་སྐྱེ་ཁམས་མ་ལག་ཞན་འགྱུར་གྱི་འཕེལ་ཕྱོགས་ལ་ཕན་ནུས་ལྡན་པའི་ངང་ནས་བཀག་འགོག་བྱས་པ་མ་ཟད། སྐྱེ་ཁམས་བྱེད་ནུས་རིམ་བཞིན་ཇེ་ཆེར་སོང་ནས། རྩྭ་ཐང་གི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྱུར་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།