མཚོ་སྔོན་ཞིང་ཆེན་ཏང་ཨུའི་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚན་ཆུང་གིས་བྲོས་བྱོལ་དང་བརྐུས་དངུལ་ཕྱིར་སློག་སོགས་ཀྱི་བྱ་བར་ཆེད་དོན་ཞིབ་འཇུག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚན་ཆུང་གིས་གྲོས་ཚོགས་བསྡུས་ཏེ། བྲོས་བྱོལ་དང་བརྐུས་དངུལ་ཕྱིར་སློག སྒྲིག་ཁྲིམས་ཁོང་དུ་ཆུད་པ། ཁྲིམས་ལུགས་སྦྲེལ་མཐུད་མཐུན་སྦྱོར་གྱི་ཆེད་དོན་ཞིབ་འཇུག་བཀོད་སྒྲིག་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་རུལ་སུངས་ལ་རྒོལ་བའི་མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ་ཐིང་ཅ་ཚའེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་རུལ་སུངས་ལ་རྒོལ་བའི་མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཡུས་ཡན། ཡན་པའེ་གྲོས་ཚོགས་སུ་ཞུགས་པ་མ་ཟད། འབྲེལ་ཡོད་བྱ་བར་བླང་བྱ་བཏོན། མཚོ་སྔོན་ཞིང་ཆེན་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་རྒྱལ་གཉེར་ཐོན་ཁུངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

གྲོས་ཚོགས་ཀྱིས་རྒྱལ་ཡོངས་བྲོས་བྱོལ་དང་བརྐུས་དངུལ་ཕྱིར་སློག་བྱ་བའི་གསོ་སྦྱོང་འཛིན་གྲྭའི་དགོངས་དོན་དང་། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་གིས་དཔར་འགྲེམ་བྱས་པའི《ཏང་ཡོན་དང་གཞུང་སྒྲུབ་མི་སྣའི་སྒྲིག་འགལ་ཁྲིམས་འགལ་གྱི་ནག་ཉེས་གྱོད་དོན་མཐུན་སྦྱོར་བྱ་བའི་སྒྲིག་སྲོལ》ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། ན་ནིང་ཚུན་གྱི་བྲོས་བྱོལ་དང་བརྐུས་དངུལ་ཕྱིར་སློག་དང་། རྒྱལ་གཉེར་ཁེ་ལས་ཀྱི་ཕྱི་རྒྱལ་གྱི་རུལ་སུངས་འགོག་བཅོས་དང་མཐུན་སྦྱོར་བྱ་བར་ཁས་ལེན་གང་ལེགས་གནང་ཞིང་། མཐུན་སྦྱོར་ཁྲོད་གནས་པའི་གནད་དོན་དང་ཐག་གཅོད་བྱེད་ཐབས་ལ་ཞིབ་འཇུག་དབྱེ་ཞིབ་བྱས།

གྲོས་ཚོགས་ལས་བསྟན་དོན། རྙོག་འཛིང་ཆེ་བའི་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གནས་བབ་ལ་གདོང་གཏད་དེ། ཁོངས་མི་ལས་ཁུངས་ཀྱིས་ཏང་གིས་རུལ་སུངས་ངོ་རྒོལ་བྱ་བར་གཅིག་གྱུར་མགོ་ཁྲིད་བྱེད་པ་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ་དང་། མུ་མཐུད་དུ་བྲོས་བྱོལ་དང་བྲོས་བྱོལ་སྔོན་འགོག་ལ་དམ་འཛིན་དང་རྒྱལ་གཉེར་ཁེ་ལས་ཀྱི་ཕྱི་རྒྱལ་གྱི་རུལ་སུངས་ལ་བཅོས་སྐྱོང་བྱེད་པ། གནད་དོན་ཁུངས་སྣེ་དང་གྱོད་དོན་དོ་དམ། བདེན་དཔང་ཞིབ་བཤེར་གཏན་འཁེལ། ཉར་འཇོག་དང་ཉེས་དོན་བཙན་ཐབས་བེད་སྤྱོད། ཞིབ་བཤེར་ཞུ་གཏུགས་སོགས་ཀྱི་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས། སྒྲིག་སྲོལ་ལག་བསྟར་དང་བྱ་བ་དོན་འཁྱོལ་ཤུགས་དྲག་ཏུ་བཏང་སྟེ། ཁྲིམས་ལུགས་མཐུད་སྦྲེལ་ཆེད་དོན་གསོ་སྦྱོང་གཅིག་གྱུར་བྱེད་པ་དང་། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་འདུས་ཤུགས་གཅིག་ཏུ་གྲུབ་པར་བྱས་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་མཚོ་སྔོན་ལ་འགན་སྲུང་མཁོ་འདོན་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་བསྟན། 

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རུལ་སུངས་ལ་རྒོལ་བའི་མཐུན་སྦྱོར་ཚན་ཆུང་གི་ཁོངས་མི་གཞན་དག་དང་གཞུང་སྒྲུབ་ཁང་གི་ཁོངས་མི། དེ་མིན་འབྲེལ་ཡོད་བློ་མཐུན་གྲོས་ཚོགས་སུ་ཞུགས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།