མཚོ་སྔོན་གྱི་ཟས་རིགས་འདི་དག་གི་འཐེན་བཤེར་མཇུག་འབྲས་བདེ་འཇགས་ཀྱི་ཚད་གཞིར་ལོངས་མེད།

   མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་བདེ་འཇགས་ཀྱི་ཚད་གཞི་མི་ལོངས་པའི་ཟས་རིགས་སྐོར་ཐེངས་བདུན་པ་དང་འབྲེལ་བའི་སྤྱི་བསྒྲགས། 

(〔2021ལོའི〕ཨང22པ)

ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཉེ་ཆར2021ལོའི་མཚོ་སྔོན་ཞིང་ཆེན་གྱི་ཟས་རིགས་བདེ་འཇགས་ལྟ་སྐུལ་འཐེན་བཤེར་ལས་དོན་སྤེལ་བའི་ཁྲོད། བདེ་འཇགས་གི་ཚད་གཞིར་ལོངས་མེད་པའི་ཟས་རིགས་སྐོར་ཐེངས་བདུན་པའི་ཞིང་ཕྲའི་གནས་ཚུལ་སྤྱི་བསྒྲགས་བྱས་པ་གཤམ་ལྟར། 

དང་པོ། བདེ་འཇགས་ཀྱི་ཚད་གཞི་དང་མི་འཚམ་པའི་ཟས་རིགས་ཀྱི་གནས་ཚུལ། 

གཅིག ཟི་ལིང་ཝང་ཧྥུའུ་ཅིན་སྣ་འདུས་ཚད་ཡོད་འགན་འཁྲི་ཀུང་སི་ཡན་ལག་ཀུང་སི་དང་པོས་འཚོང་བཞིན་པའི་སྲན་སྔོན། ཐོན་སྐྱེད་དུས་ཚོད་ནི2021-06-07ཡིན་པ་དང་། ཞིང་ཆེན་སྤུས་ཚད་ཚད་འཇལ་ཁང་གིས་ཚད་འཇལ་བྱས་པ་ལྟར་ན། ཨེམ་རྨང་ཀ་བའི་ཨ་ཝེལ་སྲིན་རྒྱུ་པུན་ཀ་བའི་ཚྭ་སྐྱུརGB 2763-2019རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་ཀྱི་ཚད་གཞི་དང་། ཟས་རིགས་ཁྲོད་ཞིང་སྨན་ལྷག་འཕྲོ་ཆེ་ཤོས་ཀྱི་ཚད་གཞི》ཡི་གཏན་ཁེལ་དང་མི་འཚམ་པ་དང་། ཨེམ་རྨང་ཀ་བའི་ཨ་ཝེལ་སྲིན་རྒྱུ་པུན་ཀ་བའི་ཚྭ་སྐྱུར་གྱི་འདུས་ཚད0.190mg/kg(ཚད་གཞི་ལྟར་ན་འདུས་ཚད0.015mg/kgཉུང་བའམ་མཚུངས་བ་ཡིན་དགོས།)རེད། 

གཉིས། མདོ་ལ་རྫོང་སྟོང་སོ་གྲོང་རྡལ་ཧྲི་མཱ་གོར་བཟོ་ནས་ཐོན་སྐྱེད་བྱས་པའི་སྒོ་ངའི་བག་ལེབ་ཆུང་ཆུང་། སིལ་འཚོང་བྱེད་བཞིན་པ། ཐོན་སྐྱེད་དུས་ཚོད་ནི2021-06-16ཡིན། ཧྲའན་ཞི་ཁི་ཡེ་ཉི་འོད་ཚད་འཇལ་ལག་རྩལ་ཞབས་ཞུ་ཚད་ཡོད་ཀུང་སིས་ཚད་འཇལ་བྱས་པ་ལྟར་ན། ཉིང་མོང་སེར་པོGB 2760-2014《རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་ཀྱི་ཚད་གཞི། ཟས་རིགས་སྦྱོར་རྟ་བཀོལ་བའི་ཚད་གཞི》ཡི་གཏན་ཁེལ་དང་མི་མཚམ་པ་སྟེ། ཉིང་མོང་སེར་པོའི་འདུས་ཚད0.008g/kg(ཚད་གཞི་ལྟར་ན་བཀོལ་མི་ཆོག)རེད། 

གསུམ། ལི་ཏུའུ་ཆུས་ཧྭ་ཏུང་འཚོ་བའི་སྒོ་རྩིས་ཚོང་ཁང་ནས་འཚོང་བཞིན་པའི་ཧྲི་ཧྥང་གྲོང་ཁྱེར་ཅིའུ་ཡིའུ་ཝང་ཟས་རིགས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་སུའུ་ཅའོ་བྱ་ཤ(སྟབས་བདེ་ཟས་རིགས) ཁུག་མ་གཅིག་ལ་ཁེ230ཡོད་པ་དང་། ཐོན་སྐྱེད་དུས་ཚོད2021-04-01ཡིན། ཧྲའན་ཞི་ཁི་ཡེ་ཉི་འོད་ཚད་འཇལ་ལག་རྩལ་ཞབས་ཞུ་ཚད་ཡོད་ཀུང་སིས་ཚད་འཇལ་བྱས་པ་ལྟར་ན། ཕྲ་སྲིན་ཚོམ་བུ་ཐོན་རྫས་ཀྱི་གསལ་བཤད་ཚད་གཞི་དང་རྒྱུ་སྤུས་ཚད་ཐིག་དང་མི་འཚམ། དེའི་ཕྲ་སྲིན་ཚོམ་བུའི་འདུས་ཚད1.2×105,1.5×105 , 1.4×105, 1.4×105,1.4×105 CFU/gདང་། ཚད་གཞི་ལྟར་ན་ཆེས་ཆེ་བའི་འདུས་ཚདn=5 c=2 m=105 M=106 CFU/gརེད། 

བཞི། རེབ་གོང་ཧྥུའུ་མན་ཕའོ་ཉོ་འཚོང་ལྟེ་གནས་ཀྱིས་འཚོང་བཞིན་པའི་མཚོ་སྔོན་སྐྱེ་ཁམས་མགོ་ཁུངས་ཟོག་སྐྱེལ་ཞབས་ཞུ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་པད་ཁའི་སྣུམ།  དམ་བེ་རེར་ཧྲིན་གཅིག་ཡོད། ཐོན་སྐྱེད་དུས་ཚོད2020-04-06ཡིན། ཧྲའན་ཞི་ཁི་ཡེ་ཉི་འོད་ཚད་འཇལ་ལག་རྩལ་ཞབས་ཞུ་ཚད་ཡོད་ཀུང་སིས་ཚད་འཇལ་བྱས་པ་ལྟར་ན། སྐྱུར་ཚད(KOH)ཐོན་རྫས་ཀྱི་གསལ་བཤད་ཚད་གཞི་དང་རྒྱུ་སྤུས་ཚད་ཐིག་དང་མི་འཚམ། དེའི་སྐྱུར་ཚད་འདུས་ཚད0.65mg/gཡིན་པ་དང་། ཚད་གཞི་ལྟར་ན0.30mg/gལས་ཉུང་ངའམ་མཚུངས་བ་ཡིན་དགོས།

ལྔ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ལ་ལུང་ཁུག་ཆིན་ཧུའེ་ལེགས་འདེམ་འཚོ་བའི་སྒོ་རྩིས་ཚོང་ཁང་ནས་འཚོང་བཞིན་པའི་མཚོ་སྔོན་ཐོན་ཏཱ་སྣུམ་ཚིལ་ལས་སྣོན་ཚད་ཡོད་འགན་ལེན་ཀུང་སིས་ཐོན་སྐྱེད་བྱས་པའི་པད་ཁའི་སྣུམ(མཐོ་སྒང་གི་རིམ་པ་དང་པོའི་པད་ཁའི་བཙག་སྣུམ) དམ་བེ་གཅིག་ལ་ཧྲིན1.8ཡོད། ཐོན་སྐྱེད་དུས་ཚོད2020-08-31ཡིན། པད་ཁའི་སྣུམ(མཐོ་སྒང་ཞིམ་མངར་པད་ཁའི་བཙག་སྣུམ)དམ་བེ་གཅིག་ལ་ཧྲིན1.8ཡོད། ཐོན་སྐྱེད་དུས་ཚོད2020-09-01ཡིན། ཨན་ཧུའེ་ཀའོ་ཐེ་གྲུང་ཞིན་ཚད་འཇལ་ལག་རྩལ་ཚད་ཡོད་ཀུང་སིས་ཚད་འཇལ་བྱས་པ་ལྟར་ན། ཤོག་བྱངGB 7718-2011རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་ཀྱི་ཚད་གཞི། ཟས་རིགས་ཀྱི་ཐུམ་སྒྲིལ་སྤྱི་སྲོལ》གྱི་གཏན་ཁེལ་དང་མི་མཚམ།

དྲུག ཟི་ལིང་གྲོང་ཁྱེར་ཝང་ཧྥུའུ་ཅིན་སྣ་འདུས་ཚད་ཡོད་འགན་འཁྲི་ཀུང་སིས་འཚོང་བཞིན་པའི་མཚོ་སྔོན་ཨན་ཐེ་འབྲུ་སྣུམ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཧན་ཡའོ་པད་ཁའི་སྣུམ། དམ་བེ་གཅིག་ལ་ཧྲིན1.8ཡོད། ཐོན་སྐྱེད་དུས་ཚོད་ནི2020-12-30ཡིན་པ་དང་། ཨན་ཧུའེ་ཀའོ་ཐེ་གྲུང་ཞིན་ཚད་འཇལ་ལག་རྩལ་ཚད་ཡོད་ཀུང་སིས་ཚད་འཇལ་བྱས་པ་ལྟར་ན། ཤོག་བྱངGB 7718-2011《རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་ཀྱི་ཚད་གཞི། ཟས་རིགས་ཀྱི་ཐུམ་སྒྲིལ་སྤྱི་སྲོལ》གྱི་གཏན་ཁེལ་དང་མི་མཚམ།

འཐེན་བཤེར་མཇུག་འབྲས་ཟས་རིགས་བདེ་འཇགས་ཀྱི་ཚད་གཞི་མི་ལོངས་བའི་སྐོར་ཐེངས་བདུན་པར་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁོངས་གཏོགས་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ལ་དུས་ལྟར་ཟས་རིགས་བདེ་འཇགས་ཀྱི་ཚད་གཞི་དང་མི་འཚམ་པའི་ཟས་རིགས་དང་དེའི་ཐོན་སྐྱེད་དང་ཚོང་གཉེར་བྱེད་མཁན་ལ་ཁྲིམས་ལྟར་འདྲི་རྩད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཟས་རིགས་བདེ་འཇགས་ཀྱི་ཚད་གཞི་དང་མི་འཚམ་པའི་ཟས་རིགས་འཚོང་མི་ཆོག་པ་དང་ཕྱིར་བསྡུ་བྱེད་པ། ཁེ་ལས་ལ་ཟས་རིགས་བདེ་འཇགས་ཀྱི་གཙོ་འགན་འཁུར་དུ་འཇུག་པར་སྐུལ་མ་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གནས་ཚུལ་ཟས་རིགས་ཐོན་སྐྱེད་ཚོང་གཉེར་མཁན་གྱི་ཟས་རིགས་བདེ་འཇགས་ཀྱི་ཡིད་རྟོན་ཡིག་ཚགས་སུ་འཇུག་དགོས། 

གཉིས་པ། འཛད་སྤྱོད་པར་དམིགས་བསལ་གྱིས་གསལ་འདེབས་ཞུ་རྒྱུར། ཟས་རིགས་བདེ་འཇགས་ཀྱི་ཚད་གཞི་དང་མི་འཚམ་པའི་ཟས་རིགས་ཉོས་ཟིན་པ་འམ་ཚོང་ར་ནས་མཐོང་ན། དུས་ལྟར་ཞུ་གཏུག་ཨང་གྲངས12315ལ་ཁ་པར་གཏོང་དགོས། 

མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ།

2021ལོའི་ཟླ8པའི་ཚེས13ཉིན།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།