“8·14”གཏེར་ཁྲོན་བརྡིབས་པའི་དོན་རྐྱེན་ཡུལ་དངོས་བཀོད་འདོམས་པུའུ་ཡིས་མྱུར་སྐྱོབ་བྱ་ཐབས་ཇེ་ལེགས་སུ་བཏང་ནས་གོ་རིམ་ལྡན་པའི་ངང་ལས་དོན་སྤེལ་བ།

555.jpg

གཏེར་ཁུལ་དུ་འགྲོ་བའི་མི་སྣར་ཉིང་བསྐྱུར་ཚད་ལེན་བྱེད་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས17ཉིན། གསར་འགོད་པས“8·14”གཏེར་ཁྲོན་བརྡིབས་པའི་དོན་རྐྱེན་ཡུལ་དངོས་བཀོད་འདོམས་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཟླ8པའི་ཚེས16ཉིན། འབྲེལ་ཡོད་བྱ་བའི་ཚན་ཆུང་གིས་ཚན་རིག་ལྟར་མྱུར་སྐྱོབ་བྱ་ཐབས་ཇེ་ལེགས་སུ་བཏང་ཞིང་། འགོག་བཅོས་ཚོད་འཛིན་བྱེད་ཐབས་གཏན་འབེབས་བྱས་ཏེ། ཆུ་ཚོད24རིང་ལས་རེས་འཁོར་བའི་བྱ་བ་མཚམས་མ་ཆད་པར་སྒྲུབ་ཏེ། ཡུལ་དངོས་ཀྱི་ཆུ་ཕྱིར་འབུད་དང་། ས་ངོས་བདེ་སྙོམས་བྱེད་པ། ས་བརྐོ་ནང་གི་འདམ་རྫབ་གཙང་ཕྱགས་བྱེད་པ་སོགས་ཀྱི་བྱ་བ་བསྒྲུབས། ཚེས17ཉིན་གྱི་ནམ་གུང་བར་དུ། ཡུལ་དངོས་ཀྱི་ཁུང་བུ་གཉིས་སུ་དུས་མཉམ་ངང་མྱུར་སྐྱོབ་ལས་སྐྲུན་བྱེད་བཞིན་ཡོད།

རྒྱུས་ལོན་པ་ལྟར་ན། རྟོག་ཞིབ་དཔྱད་འཇོག་བྱ་བ་སྤེལ་ཟིན། ཡུལ་དངོས་སུ་སྨན་བཅོས་མྱུར་སྐྱོབ་སྨན་རྫས་སྒྲིག་ཆས་དང་། འཕྲོད་བསྟེན་རིམས་འགོག་མི་སྣ་བཅས་ཚང་མ་ཐོན་ཡོད་ཅིང་། གཙོ་གནད་ཁོར་ཡུག་དུག་སེལ་དང་འགྲོ་འོང་མི་སྣའི་ཉིང་བསྐྱུར་ཚད་ལེན་ཁྱོན་ཡོངས་ནས་སྤེལ་བཞིན་ཡོད། དུས་མཚུངས་སུ། ཁྲིམས་ལུགས་ལག་བསྟར་མི་སྣས་གཏེར་ཁུལ་ནང་ཁུལ་དང་གླིང་ཁུལ་ཁྱབ་ཁོངས་ནང་གི་ཟས་རིགས་དང་བཟའ་བཏུང་། འཕྲོད་བསྟེན། དངོས་རྫས་སོགས་ལ་བདེ་འཇགས་ཞིབ་བཤེར་བྱས་པ་དང་། དོན་རྐྱེན་ཡུལ་དངོས་ཀྱི་བདེ་འཇགས་བཅོས་སྐྱོང་དང་འགྲིམ་འགྲུལ་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་ཡོད།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།