སྲིད་གྲོས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས།

WechatIMG581.jpeg

ཟླ8ཚེས15ཉིན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ། ཁུལ་གྲོས་ཚོགས་ལྟེ་གནས་ཀྱི་ཁང་བརྩེགས་དང་པོའི་ཚོམས་ཆེན་དུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས།  ཁུལ་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོར་ཕེབས་དགོས་པའི་ཨུ་ཡོན་མི216དང་། དངོས་སུ་འབྱོར་བའི་ཨུ་ཡོན་མི205ཡོད། གཏན་འཁེལ་གྱི་མི་གྲངས་དང་མཐུན་པ་རེད།   

WechatIMG582.jpeg

 དུས་ཚོད9ཡི་སྟེང་དུ་ཚོགས་ཆེན་ནི་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་ཚོགས་འགོ་བརྩམས།

WechatIMG583.jpeg

ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཞའོ་ཅོན་དང་།  ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཤ་བོ་སྐྱབས། ཀྲང་བིན་ཆིན། ཐུབ་བསྟན་ཀློང་ཡངས་རྡོ་རྗེ། ཐང་ཞང་ཅོན། ལྷ་དབང་ཚེ་བརྟན། ཀླུ་རྒྱལ། གསེར་མཚོ། དྲུང་ཡིག་ཆེན་མོ་གཞོན་པ་ཀྲང་ཅི་ཧའོ་བཅས་ཀྲུའུ་ཞི་སྟེགས་བུའི་གྲལ་མདུན་དུ་བཞུགས་ཡོད། གྲོས་ཚོགས་ལ་ཀྲང་བིན་ཆིན་གྱིས་འགོ་འཛིན་མཛད།

ཡིས་བན་པིན། དོན་འགྲུབ། ཞའོ་ཧྥེ་ཧའོ། ཤོང་ཡོན་ལའེ། ཧྥིན་ཀྲི་ཡོན། ལིའུ་ཁྲིན་ལིས། ཏུན་ཧྥུ་ཧའེ། ཀུའུ་ཁྲང་བའེ། ལིའུ་ཡན། ཝང་ཧྥུན། ཧྥུན་ཐེན་ཞི། སངས་རྒྱས། ཅང་ཡཱ་ཆོན། ཧི་ཧའེ་ཡན།  ལིས་ཧའེ་ལིན། མགར་སྤྲུལ་ཡེ་ཤེས་ཉི་མ། ཏང་པོ། ཚེ་རིང་དོན་འགྲུབ། ཤེས་རབ། ཨན་ཧྲིན་ཉན། ཧན་ཧྲང་ལིས། ཀན་ཡུང་ཆིན། ཞུའུ་ཀྲང་ཧའེ། ཡང་ཀྲི་ཅན།  ཀྲུའུ་ཀྲི་ཅོན། ནོར་སྡེ་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་དུ་བཞུགས་ཡོད། 

WechatIMG584.jpeg

ཤ་བོ་སྐྱབས་ཀྱིས་སྲིད་གྲོས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ།  ཁོས་བཤད་རྒྱུར་སྲིད་གྲོས་སྐབས་བཅུ་གསུམ་པའི་འགན་ཡུན་ལོ་ལྔ་ནི། མགོ་ལོག་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གི་འགྱུར་མེད་བརྩོན་ལེན་དང་། འགག་གཏོར་དཀའ་སེལ། འབད་འབུངས་ཡར་བརྩོན་བཅས་ཀྱི་ལོ་ལྔ་ཡིན་ལ། མགོ་ལོག་སྲིད་གྲོས་ཀྱི་བྱ་བ་མུ་མཐུད་ནས་རྒྱུན་འཛིན་གསར་གཏོད་དང་། དུས་བསྟུན་མདུན་སྐྱོད།  དྲང་འཛིན་གསར་སྐྲུན།   འཕེལ་རྒྱས་མགྱོགས་མྱུར་བཅས་ཀྱི་ལོ་ལྔའང་ཡིན། ལོ་ལྔའི་རིང་ལ། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག བློ་ཐག་རྦད་ཆོད་སྒོས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ཐོབ་པའི་སྤྱིའི་བྱ་བར་དམ་པོར་དམིགས་ཤིང་། ནན་ཏན་གྱིས་འགན་འཁྲི་ལག་བསྟར་དང་། རྒྱ་ཁྱབ་ངང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་ཏེ།   མགྱོགས་མྱུར་སྒོས་མཐུན་སྒྲིལ་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མགོ་ལོག་གསར་བ་འཛུགས་སྐྲུན་བྱེད་ཆེད། སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཀྱི་ལེགས་སྐྱེས་ཕུལ་བ་ཡིན།

སྙན་ཞུས་བསྟན་དོན།ལོ་ལྔའི་རིང་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྲུན་གྱིས་སྲིད་གྲོས་བྱ་བ་ལ་སྤྱི་འདོམས་བྱེད་པ་རྒྱུན་འཁྱོངས་སྒོས། རྨང་གཞི་སྲ་བརྟན་དང་བླ་སྲོག་སྐྲུན་པར་ཤུགས་བརྒྱབ་སྟེ། མཉམ་དུ་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་སྔར་བས་ཇེ་བརྟན་དུ་བཏང་། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ངོ་བོའི་ངེས་གནས་རྒྱུན་འཁྱོངས་སྒོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་གཙོ་འགན་གཙོ་དོན་ཧུར་ཐག་གིས་བསྒྲུབས་ཏེ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་བྱེད་ནུས་མངོན་ཡོད། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དང་དམངས་གཙོའི་དར་ཆ་ཆེན་པོ་གཉིས་མཐོན་པོར་བསྒྲེངས་ཏེ། ནན་ཏན་སྒོས་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་པས། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོའི་ལེགས་ཆ་སྔར་བས་མངོན་གསལ་དོད་པོ་བྱུང་། ཐོག་མཐའ་བར་གསུམ་དུ་ནང་གི་རང་བཞིན་བརྟན་ཞིང་ཕྱི་ལ་མཛེས་ཉམས་ཐོན་པ་མཐའ་འཁྱོངས་སྒོས། ལས་ཁུངས་རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་ཆེན་པོ་བརྒྱབ་པས། སྲིད་གྲོས་ཀྱི་བྱ་བའི་སྤུས་ཚད་དང་ཕན་འབྲས་སྔར་བས་ཆེ་རུ་ཕྱིན། ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་རྩ་བའི་རྩ་དོན་གཅིག་པུ་གཡོ་འགུལ་མེད་པ་མཐའ་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གིས་སྲིད་གྲོས་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་པ་དོན་འཁྱོལ་བྱས་ཤིང་། མུ་མཐུད་ནས་སྲིད་གྲོས་ཀྱིས་ཆབ་སྲིད་ལས་ཁུངས་ལ་རྩ་འཛུགས་བྱེད་པའི་སྣང་བརྙན་བསྐྲུན།  

WechatIMG585.jpeg

སྙན་ཞུས་བསྟན་དོན། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་རྒྱུ་མཐའ་འཁྱོངས་བྱས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བ་ཡིན་པའི་བསམ་བློ་མཐའ་འཁྱོངས་བྱས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གཙོ་བོ་དང་ཆེད་དོན་གྲོས་མོལ་གྱི་བྱེད་ནུས་མཐའ་འཁྱོངས་བྱས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་བབ་བསྟུན་མདུན་སྐྱོད་དང་གསར་འབྱེད་གསར་གཏོད་མཐའ་འཁྱོངས་བྱས། “ངེས་པར་ལྔ”ནི་རང་ཁུལ་སྲིད་གྲོས་ཀྱི་བྱ་བ་དེ་ཁུལ་ཨུའི་སྟོབས་ལྡན་འགོ་ཁྲིད་འོགཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་དང་། ནན་ཏན་སྒོས་དུས་རབས་གསར་བའི་གཞི་རིམ་སྲིད་གྲོས་བྱ་བའི་ཆོས་ཉིད་ལ་ཞིབ་འཇུག་བྱས་ཏེ། ལག་ལེན་ཁྲོད་བསླབ་བྱ་སྤྱི་བསྡོམས་བྱས་པ་ལས་ཐོབ་པའི་གཞི་རྩའི་ཉམས་མྱོང་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་བཅོས་བསྒྱུར་གསར་གཏོད། རྒྱུན་མཐུད་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས།        སྙན་ཞུས་བསྟན་དོན། མ་འོངས་པའི་ལོ་ལྔའི་རིང་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི“བདུན་གཅིག”གསུང་བཤད་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། འཕེལ་རྒྱས་ཀྱི་སྐས་རིམ་གསར་བར་གཞི་ཚུགས་པ་དང་འཕེལ་རྒྱས་ཀྱི་ཕུགས་འདུན་གསར་བ་ལག་བསྟར། འཕེལ་རྒྱས་ཀྱི་གནས་སྟངས་གསར་བ་སྒྲིག་འཛུགས་བྱས་ཏེ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཉིས་མཐའ་འཁྱོངས་སྒོས། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དམིགས་སུ་བཟུང་སྟེ། ཆེད་དོན་གྲོས་མོལ་ལས་ཁུངས་དང་གྲོས་མོལ་དམངས་གཙོའི་ཐབས་ལམ་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཐོག རྫོང་རིམ་པའི་སྲིད་གྲོས་བྱ་བར་ཤུགས་བསྣན་ནས་ནུས་ཤུགས་ཡོད་རྒུས“ལྔ་འཛོམས་སྲིད་གྲོས”འཛུགས་སྐྲུན་དམ་འཛིན་སྒོས་ཁུལ་ཨུའི་གནས་ཚུགས་ས་གསར་བ་ཞིག་ཏུ་འགྲེང་སྟེ“སྔོན་གཅིག་མཐོ་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་སྐུལ་སྤེལ་བྱེད་པའི་བླང་བྱ་ལ་དམིགས་ནས། “དཔེ་སྟོན་ཞིང་ཆེན་ལྔ”དང“གནས་གཞི་བཞིའི་འཛུགས་སྐྲུན” “མཐོ་ས་གསར་བ་བརྒྱད”ཀྱི་བཀོད་སྒྲིག་ནང་ཟབ་ཞུགས་བྱས་ཏེ། ཁུལ་ཨུའི“སྤྱི་འདོམས་གཅིག་དང་སྐུལ་འདེད་བཞི”ཡི་སྤྱིའི་འཕེལ་རྒྱས་རིག་ལམ་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་འབད་འཐབ་ཀྱི་ཁ་ཕྱོགས་སུ་འཛིན་པ་དང་། ཆུ་ཚད་མཐོ་བའི་འགན་སྒྲུབ་ཞབས་ཞུ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ཏེ། མཐུན་སྒྲིལ་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ཀྱི་མགོ་ལོག་གསར་བ་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས།

WechatIMG586.jpeg

WechatIMG587.jpeg

སྲིད་གྲོས་མགོ་ལོག་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། བློ་མཐུན་ལྷ་དབང་ཚེ་བརྟན་གྱིས་ཚོགས་ཆེན་སྟེང་དུ་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་བྱ་བའི་སྙན་ཞུ་ཕུལ། གྲོས་གཞི་བྱ་བའི་སྙན་ཞུས་ཕྱོགས་བཞི་ནས་འདས་པའི་ལོ་ལྔའི་བྱ་བར་སྤྱི་བསྡོམས་དང་ཕྱོགས་བཞི་ནས་རྗེས་ཕྱོགས་ཀྱི་བྱ་བར་རེ་བ་བཏོན། 


རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།