ཞིན་ཁྲང་ཞང་གིས་མིའི་ཚེ་སྲོག་སྐྱོབ་རྒྱུ་ཨང་དང་པོར་འཇོག་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་མངགས་བཅོོལ་ལྟར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་ཚེ་ཐར་སོལ་གཏེར་ཡུལ་དངོས་སུ་སོང་ནས་མྱུར་སྐྱོབ་བྱ་བའི་བརྡར་གཅོད་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་ཚན་རིག་གི་སྒོ་ནས་མྱུར་སྐྱོབ་བྱེད་པར་ཡང་བསྐྱར་བཀོད་སྒྲིག་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་གྱི་གཞུང་ལུགས་ཞིབ་བརྗོད་དང་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་དགོངས་དོན་ལག་བསྟར་དང། ཁྱོན་ཡོངས་ནས་རྒྱལ་ཁབ་བདེ་འཇགས་འགོག་སྲུང་བྱ་བའི་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བླང་བྱ་ལྟར། མིའི་ཚེ་སྲོག་སྐྱོབ་རྒྱུ་ཨང་དང་པོར་བཞག་སྟེ། འཕྲལ་བསྟུན་དོ་དམ་པུའུ་བྱ་བའི་ཚན་ཆུང་དང་ཆེད་མཁས་པའི་མཛུབ་སྟོན་འོག   ཚན་རིག་ལྟར་བདེ་འཇགས་ནུས་མཐོའི་མྱུར་སྐྱོབ་བྱ་བ་ལེགས་པོར་སྒྲུབ་ཏེ། མྱུར་སྐྱོབ་མཇུག་འབྲས་ཡག་པོ་ཞིག་ལོན་པར་བརྩོན་ལེན་བྱེད་དགོས་ཞེས་བསྟན། 

ཚེ་ཐར་སོལ་གཏེར་དུ་ཐོན་པ་ན། ཞིན་ཁྲང་ཞིང་འདམ་རྫབ་དང་ཆུ་ཕྱིར་འབུད་བྱེད་ས །འཕྲུལ་ཆས་ཀྱིས་དུང་བརྐོ་བའི་ཡུལ་དངོས་སུ་སོང་ནས། ཡུལ་དངོས་བཀོད་འདོམས་པུའུ་ཡི་བློ་མཐུན་དང་ཆེད་མཁས་པའི་ཁོངས་མི། ཡུལ་དངོས་ལས་སྐྲུན་མི་སྣ་དང་བསམ་བློ་བརྗེ་རེས་ཀྱིས་གནས་ཚུལ་ལ་རྒྱུས་ལོན་བྱས།

ལས་དོན་མང་པོ་ཞིག་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱེད་པ་མཐོང་འཕྲལ། ཞིན་ཁྲང་ཞིང་གིས་བཤད་རྒྱུར། རྩ་འཛུགས་མཐུན་སྦྱོར་ལ་ཤུགས་བསྣན་ནས། དངོས་ཟོག་སྡེབ་སྒྲིག་དང་ཡུལ་དངོས་དོ་དམ་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས། བྱ་བའི་ལས་གནས་སོ་སོ་མཐུན་སྦྱོར་དང་ནུས་མཐོའི་ངང་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་དགོས། ད་ལྟ་ནི་མཚོ་སྔོན་དུ་ཆར་ཞོད་ཆེ་བའི་དུས་ཚིགས་གཙོ་བོ་ཡིན་ཞིང་། ཆུ་བེད་དང་།གནམ་གཤིས་སོགས་སྡེ་ཁག་གིས་མཐུན་སྦྱོར་དམ་ཟབ་སྒོས་ལྟ་སྐུལ་ཚད་ལེན་སྔོན་བརྡའི་བྱ་བ་ལེགས་པོར་སྒྲུབ་པ་དང་། གནམ་གཤིས་ཀྱིས་བཟོས་པའི་གནོད་འཚེ་འགོག་སྲུང་ནན་མོ་བྱེད་དགོས་ཞེས་ཟེར།

ཞིན་ཁྲང་ཞིང་གིས་མིའི་ཚེ་སྲོག་སྐྱོབ་རྒྱུ་ནི་ལས་འགན་དང་པོར་འཇོག་པ་དང་། སྐར་ཆ་གཅིག་ཀྱང་འགོར་འགྱངས་མི་བྱེད་པར་ཐབས་བརྒྱ་ཇུས་སྟོང་གིས་མི་སྐྱོབ་དགོས་པ་དང་། སྟོབས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱ་བ་ལེགས་པོར་སྒྲུབ་དགོས། འཕྲལ་བསྟུན་དོ་དམ་པུའུ་ཡི་ལས་སྒྲུབ་ཚན་ཆུང་དང་ཆེད་མཁས་པའི་བསམ་འཆར་ལ་ཉན་པ་དང་། དུས་དང་གནས་བབ་དང་བསྟུན་ནས་མྱུར་སྐྱོབ་བྱེད་ཐབས་དང་བྱེད་སྟངས་ཇེ་ལེགས་སུ་བཏང་སྟེ། ཚན་རིག་ལྟར་བདེ་འཇགས་མྱུར་སྐྱོབ་བྱེད་པ་ལས། སླར་བྱུང་གནོད་འཚེ་མི་འབྱུང་བར་བྱེད་པ་དང་མྱུར་སྐྱོབ་མི་སྣའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། རང་འགུལ་སྒོས་སྤྱི་ཚོགས་ཀྱི་ཐུགས་ཁུར་ལ་ལན་སློག་པ་དང་དུས་ཐོག་ཏུ་ཡང་དག་པའི་མྱུར་སྐྱོབ་བརྡ་འཕྲིན་ཁྱབ་བསྒྲགས་བྱེད་པ་དང་། ལྷག་བསམ་རྣམ་དག་གིས་རྗེས་འཇུག་གི་བྱ་བ་ལེགས་པོར་སྒྲུབ་དགོས། གཅིག་གྱུར་བཀོད་འདོམས་ལ་ཤུགས་བསྣོན་དང་མི་སྣའི་སྟོབས་ཤུགས་ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་པ་དང་། ནུས་མཐོའི་གོ་རིམ་ལྡན་པའི་མྱུར་སྐྱོབ་སྒྲུབ་དགོས་པ་མ་ཟད། རིམས་ནད་འགོག་བཅོས་ཚོད་འཛིན་ཡང་དོན་འཁྱོལ་བྱེད་དགོས། དོན་རྐྱེན་གྱི་རྒྱུ་རྐྱེན་ལ་རྩད་ཞིབ་གསལ་བོ་བྱས་ཏེ། ཁྲིམས་ལྟར་འགན་ཁུར་རྩད་ཞིབ་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན། 

ཝང་ལི་མིང་རྟོག་ཞིབ་ཁྲོད་ཞུགས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།