མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་གཉིས་པའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་སྐོར་ཐེངས་གཉིས་པའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་གྲོལ་རྗེས། མཚོ་སྔོན་ཞིང་ཆེན་གྱིས་འཕྲལ་དུ་ཚོགས་འདུ་འཚོགས་ནས་ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་གཉིས་པའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བ་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་ཚོགས་འདུར་མགོ་འཛིན་གནང་བ་དང་འབྲེལ་ཡོད་གསུང་བཤད་གནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དང་། ལྷག་པར་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ལ་བརྟེན་ནས་དུས་རབས་གསར་པའི་སྲིད་ཁྲིམས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་སྔར་ལས་ལེགས་པོའི་སྒོ་ནས་འགན་ཁུར་དགོས་པར་ནན་གྱིས་བསྟན།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཐད་གཏོགས་སྲིད་ཁྲིམས་ལས་ཁུངས་སོ་སོ་ནི་ཆབ་སྲིད་ལས་ཁུངས་དང་། མགོ་ཁྲིད་ལས་ཁུངས། དཔེ་སྟོན་ལས་ཁུངས་བཅས་ཡིན་པས་ཕྱོགས་སྟོན་གྱི་ནུས་པ་གལ་ཆེན་ལྡན་ཡོད། རྒྱལ་ཡོངས་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ནན་ཏན་གྱིས་རྩ་འཛུགས་དང་བརྒྱུད་བསྒྲགས་དང་། སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ། ཚད་གཞིའི་རེའུ་མིག་ནང་སློབ་གསོ་བཅོས་སྒྲིག་གི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་བཙལ་ནས་སློབ་གསོ་དག་ཐེར་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་ནན་ཏན་ཨང་དང་པོར་འཇོག་པ་དང་། ཕྱོགས་ཡོངས་ནས་ནན་ཏན་བྱེད་པ། མཐའ་གཅིག་ཏུ་ནན་ཏན་བྱེད་པ་བཅས་བྱས་ནས་ཚད་གཞི་མཐོ་བ་དང་མགོ་འཛུགས་ས་མཐོ་བའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། མགོ་ཁྲིད་གཙོ་བོས་སྣེ་ཁྲིད་བཟང་པོ་བྱེད་པ། མིག་དཔེ་བཟང་པོ་སྟོན་པ་བཅས་བྱས་ཏེ་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་སློབ་གསོ་དག་ཐེར་གྱི་ལས་འགན་ཁག་ལེགས་པོར་བསྒྲུབ་དགོས། གོ་རིམ་དང་ནུས་པ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། རང་རྟོགས་རང་བཞིན་དང་། རང་འགུལ་རང་བཞིན། སྒྲིག་ཁྲིམས་རང་བཞིན་བཅས་ལ་ཤུགས་སྣོན་བྱེད་པ། རྩ་དོན་རང་བཞིན་དང་བབ་བསྟུན་རང་བཞིན་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། “རང་བཤེར་གུ་ཡངས་དང་གཞན་བཤེར་ནན་གཅུན་བྱེད་པའི”སྲིད་ཇུས་བཟང་པོ་བེད་སྤྱོད་པ། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི“རྣམ་པ་རིགས་བཞི”བེད་སྤྱོད་གཏིང་ཟབ་བྱེད་པ་བཅས་བྱས་ཏེ། “དབྱེ་འབྱེད་གསུམ”ཐུབ་པར་བྱས་ནས་གནད་དོན་རེ་རེ་ཐག་གཅོད་བྱེད་སྐབས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེའི་གསར་བརྗེའི་རང་བཞིན་བསྐྱར་བསྐྲུན་ཐུབ་པར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ནང་གི་གནད་དོན་ལ་ཞིབ་འཇུག་བྱེད་དགོས་ལ་ཕྱིའི་གནད་དོན་ཐག་གཅོད་ཀྱང་བྱས་ཏེ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་དེ་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་ཕྱོགས་སོ་སོའི་ནང་ཁྱབ་པར་བྱེད་དགོས། ལྟ་སྐུལ་དང་མཛུབ་ཁྲིད་ལ་ལྷག་བསམ་རྣམ་དག་གིས་དང་ལེན་བྱས་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་རྩ་བའི་གཞི་འཛིན་སར་བྱེད་པ་དང་། སློབ་གསོ་དག་ཐེར་གྱི་རྩ་བའི་ལས་འགན་དང་དམིགས་ཚད་ཡང་དག་པར་ཁོང་དུ་ཆུད་པ། ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་དང་མཛུབ་ཁྲིད་ཚན་ཆུང་གི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། སློབ་གསོ་དག་ཐེར་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས། སློབ་གསོ་དག་ཐེར་ལ་གཅུན་འདོམས་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ཏེ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་ཀྱིས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ། སྲིད་ཁྲིམས་ཁྱབ་ཁོངས་སུ་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ལ་སྐུལ་འདེད། ཕྱོགས་གཉིས་འཐུས་ཤོར་མི་འགྲོ་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱེད་པར་རྒྱུགས་ལན་བཟང་པོ་སྤྲོད་དགོས་ཞེས་ནན་གྱིས་བསྟན། 

ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ཐེང་ཅ་ཚའེ་དང་། ཝང་ཡུས་ཡན། ལི་ཧུང་ཡ། ཀྲང་ཙེ་ཅུན་བཅས་ཚོགས་འདུར་ཞུགས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།