སྒོར་དུང་ཕྱུར25.77བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱས།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ནི་གནའ་ནས་ད་ལྟའི་བར་རྒྱལ་ཁབ་ཀྱིས་གཙོ་གནད་བཟུང་ནས་མཚོ་སྔོན་ཞིང་ཆེན་ལ་རྒྱབ་སྐྱོར་བྱེད་པའི་ཁྱབ་ཁོངས་ཤིག་ཡིན། ཟླ8པའི་ཚེས11ཉིན། གསར་འགོད་པས་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ད་ལོ་ནས་མིག་སྔའི་བར་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་སོགས་ཆེད་དོན་གྱི་ཀྲུང་དབྱང་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར25.77བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་འབྲེལ་ཡོད་འཛུགས་སྐྲུན་ལས་འགན་དང་མ་དངུལ་གྱི་དགོས་མཁོར་ནུས་པ་ལྡན་པའི་འགན་ལེན་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། མི་རིང་བའི་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་རྩོམ་པའི་སྐོར་གྱི་གཏན་འབེབས》ནང་། མཚོ་བོད་མཐོ་སྒང་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་ཇེ་མགྱོགས་སུ་གཏོང་བར་བཀོད་སྒྲིག་བྱས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱ་རྒྱུ་ནི་རང་རྒྱལ་གྱི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ་དུས་རབས་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་དགོས་མཁོ་ཞིག་ཀྱང་ཡིན། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།