ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཐེངས80པ་ཟི་ལིང་དུ་བསྡུས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་མཱ་ཝའེ། ཀྲུའུ་རེན་གཞོན་པ་ཉའོ་ཁྲུན་ཡུན། ལིག་ཐུང་ཏི།དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་ཚོགས་འདུར་ཞུགས།
གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་སྲོལ་ཡིག(བཟོ་བཅོས་འཆར་ཟིན་བཟོ་བཅོས་མ་ཡིག)དང་། མཚོ་སྔོན་ཞིང་ཆེན་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་སྲོལ་ཡིག(འཆར་ཟིན་བཟོ་བཅོས་མ་ཡིག)དང་། མཚོ་སྔོན་ཞིང་ཆེན་མེ་གསོད་མེ་འགོག་སྲོལ་ཡིག(བཟོ་བཅོས་འཆར་ཟིན་བཟོ་བཅོས་མ་ཡིག)། མཚོ་སྔོན་ཞིང་ཆེན་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག(འཆར་ཟིན)། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག(འཆར་ཟིན)། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐེངས་བརྒྱད་པའི་ལོ་ལྔའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ཆོད་ཡིག(འཆར་ཟིན)གི་གྲ་སྒྲིག་གནས་ཚུལ་ཡར་ཞུར་ཉན། ཟི་ལིང་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་སྐོར་གྱི་ཞིབ་བཤེར་སྲོལ་ཡིག(བཟོ་བཅོས)དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག(བཟོ་བཅོས)། མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག(བཟོ་བཅོས)། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་དོན་ཁྲིམས་གཞུང》གི་གཉེན་སྒྲིག་ལོ་ཚོད་འགྱུར་ལྡོག་གཏན་འཁེལ་བྱས་པའི་གྲ་སྒྲིག་གནས་ཚུལ་ཡར་ཞུ་བཅས་ལ་ཉན། 2021ལོའི་ས་གནས་སྲིད་གཞུང་བུན་འཛིན་འགྲེམ་སྤེལ་དང་འབྲེལ་ཡོད་སྔོན་རྩིས་ཡོང་སྒོ་དང་འགྲོ་གྲོན་སྔོན་རྩིས་སྐོར་གྱི་སྙན་ཞུ་དང་ཞིབ་བཤེར་སྙན་ཞུ། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་གཏོང་བའི་སྐོར་གྱི་གནས་ཚུལ་གྱི་ཆེད་སྤྱོད་སྙན་ཞུ་དང་ཆེད་དོན་བློ་འདྲིའི་གྲ་སྒྲིག་གནས་ཚུལ་སྙན་ཞུ་བཅས་ལ་ཉན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་ལག་བསྟར་ཞིབ་བཤེར་ཚན་ཆུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཕྱུགས་ལས་བཅའ་ཁྲིམས》ཞིབ་བཤེར་ལག་བསྟར་གནས་ཚུལ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲ་གཟུགས་སྙིགས་རོའི་འབག་བཙོག་དངོས་རྫས་ཀྱི་ཁོར་ཡུག་བཙོག་སྐྱོན་འགོག་བཅོས་བཅའ་ཁྲིམས》ལག་བསྟར་གནས་ཚུལ་དང་། “བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་ཆོད་དོན་ལག་བསྟར་དོན་འཁྱོལ་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་དྲུག་པའི་འཐུས་མིའི་བསམ་འཆར་ལག་བསྟར་དང་གཙོ་གནད་ལྟ་སྐུལ་ལས་སྒྲུབ་སྐོར་གྱི་གནས་ཚུལ། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་ཞུ་སོགས་ཀྱི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ཀྱིས་གོང་གི་ནང་དོན་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་གཞིའི་ཁྲོད་བཞག་སྟེ། ཀྲུའུ་རེན་གྲོས་ཚོགས་རྗེས་མར་སྤྲོད་པར་ཡིད་འཐད་བྱུང་། གྲོས་ཚོགས་ཀྱིས་མི་དོན་བསྐོ་འཐེན་གྲོས་གཞི་གནས་ཚུལ་གྱི་སྙན་ཞུར་ཉན།
གྲོས་ཚོགས་ཀྱིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི2021ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང་། མཚོ་སྔོན་ཞིང་ཆེན་གྱི2021ལོའི་ལོ་སྟོད་ཀྱི་སྔོན་རྩིས་ལག་བསྟར་སྙན་ཞུ་དང2020ལོའི་ཞིང་ཆེན་གྱི་ནོར་སྲིད་ངེས་རྩིས(འཆར་ཟིན)ཀྱི་སྙན་ཞུའི་གྲོས་ཞིབ་བསམ་འཆར། 2020ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་འགྲོ་གྲོན་རྩིས་བཤེར་བྱ་བའི་སྙན་ཞུ། 2019ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་གནད་དོན་ལེགས་བཅོས་གནས་ཚུལ་སྙན་ཞུའི་གྲོས་ཞིབ་བསམ་འཆར་ལ་ཉན། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྲོས་ཚོགས་བསྡུས།