ཅང་ཧྲུའུ་ཁྲིན་རྨ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དུ་བདམས་ཤིང་བཀྲ་ཤིས་ཚེ་རིང་རྨ་ལྷོ་ཁུལ་གྱི་ཁུལ་དཔོན་དུ་བདམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་དམངས་ཆེན་གྲོས་ཚོགས་ཐེངས་དང་པོ་བསྡུས། ཅང་ཧྲུའུ་ཁྲིན་རྨ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དུ་བདམས་པ་དང་། བཀྲ་ཤིས་ཚེ་རིང་རྨ་ལྷོ་ཁུལ་གྱི་ཁུལ་དཔོན་དུ་བདམས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།