མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚ་རྫོང་ཚེ་ཐར་རྡོ་སོལ་གཏེར་ཁར་འདམ་རྡོ་ཉིལ་བའི་དོན་རྐྱེན་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་ཟླ8པའི་ཚེས14ཉིན་གྱི་ཆུ་ཚོད12དང་སྐར་མ10ཡི་སྟེང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ནུབ་མཚོ་རྡོ་སོལ་ཀུང་སིའི་ཚེ་ཐར་རྡོ་སོལ་གཏེར་ཁར་འདམ་རྡོ་ཉིལ་བའི་དོན་རྐྱེན་བྱུང་བ་དང་། གཏེར་ཁྲོན་ནང་དུ་ལས་བཟོ་བ21ཡོད། དོན་རྐྱེན་བྱུང་རྗེས། ཚེ་ཐར་རྡོ་སོལ་གཏེར་ཁའི་རོགས་སྐྱོབ་རུ་ཁག་གིས་འཕྲལ་དུ་མྱུར་སྐྱོབ་བྱས་པ་དང་། བསྡོམས་པས་མི2ཀྱི་སྲོག་བསྐྱབས་ཤིང་། དེའི་གྲས་ཀྱི་མི1ཚེ་ལས་འདས་པ་དང་། མི་གཞན་པ་དེའི་ཚེ་སྲོག་ལ་ཉེན་ཁ་མེད། ད་དུང་མི19གཏེར་ཁྲོན་ནང་དུ་ལུས་ཡོད་ལ། མིག་སྔར་རྡོ་སོལ་གཏེར་ཁའི་རོགས་སྐྱོབ་རུ་ཁག་དང་། མཚོ་བྱང་ཁུལ་མེ་གསོད་ཡན་ལག་རུ་ཁག་གིས་དོན་རྐྱེན་འབྱུང་ཡུལ་དུ་རོགས་སྐྱོབ་བྱེད་བཞིན་ཡོད་པ་རེད།།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།