ཞིང་ཆེན་སྲིད་གྲོས་ཀྱིས་རང་ཞིང་གི་མཁར་གྲོང་དང་གཞིས་ཁུལ་བཅོས་སྐྱོང་ལས་དོན་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པའི་ཁ་གཏད་གྲོས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་རང་ཞིང་གི་མཁར་གྲོང་དང་གཞིས་ཁུལ་བཅོས་སྐྱོང་ལས་དོན་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པའི་ཁ་གཏད་གྲོས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་ཚོགས་འདུར་འགོ་འཛིན་བྱས་ཏེ་གཏམ་བཤད།

ཚོགས་ཐོག་ནས་བློ་མཐུན་ལྔས་ཞིང་ཆེན་སྲིད་གྲོས་རྟོག་ཞིབ་ཚན་ཁག་དང་དམངས་གཙོ་ཏང་ཁག་སོ་སོ། གྲོང་ཁྱེར་དང་ཁུལ་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ། གཞི་རིམ་ཁྲིམས་སྐྱོང་འཛུགས་སྐྲུན་དང་གཞིས་ཁུལ་གྱི་འགན་ཁུར་ཇེ་ཡང་དུ་བཏང་ནས་ཕན་འབྲས་ཇེ་མཐོར་གཏོང་བ། གཞིས་ཁུལ་གྱི་དཔུང་སྡེ་འཛུགས་སྐྲུན་བཅོས་སྐྱོང་། གཞིས་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་སོགས་བརྗོད་སྙིང་དུ་བཟུང་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཐིན་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་གཏམ་བཤད་ལ་ལན་བཏབ།

ཏུའུ་ཅེ་ཡིས་ནན་གྱིས་བསྟན་དོན། མཁར་གྲོང་དང་གཞིས་ཁུལ་གྱི་བཅོས་སྐྱོང་ལས་དོན་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་ལས་དོན་ཁྲོད་དུ་ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་རྒྱུ་དང་། ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་ཆེན་མོ་དང་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཚོ་སྔོན་ནས་ལྷག་ལུས་མེད་པར་དངོས་འབེབས་བྱས་ཏེ་གྲུབ་འབྲས་ལེན་དགོས། གྲོང་ཁྱེར་བཅོས་སྐྱོང་གི་འདུ་ཤེས་དང་བཅོས་སྐྱོང་ལམ་ལུགས། བཅོས་སྐྱོང་སྒྲིག་ལུགས་བཅས་ཀྱི་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་པ་དང། གཞིས་ཁུལ་བཅོས་སྐྱོང་གི་ཞིབ་ཚགས་ལས་དོན་སྟེང་དུ་སེམས་ཤུགས་གང་ཡོད་བཏོན་ནས། ཀུན་སྤྱོད་བཅོས་སྐྱོང་དང་ཁྲིམས་སྐྱོང་། རང་ཉིད་བཅོས་སྐྱོང་བཅས་ཀྱི་ལག་ལེན་ཅི་ཡོད་རང་རྟོགས་བསམ་སྦྱོར་དུ་འཕེལ་བར་བྱེད་དགོས། རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པ། ཕྱོགས་སོ་སོའི་འཇོན་ཐང་མི་སྣ་བཅས་ཕན་འབྲས་ལྡན་པའི་ངང་ནས་རྩ་འཛུགས་བྱས་ཏེ། གཞིས་ཁུལ་བཅོས་སྐྱོང་ནུས་པའི་འཛུགས་སྐྲུན་ཐད་འཇོན་ཐང་མི་སྣའི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།