ལིས་ཧུང་ཡ་ཡིས་མཚོ་ལྷོ་ཁུལ་གྱི་སྤྱི་བདེ་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན། ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁལ་གུང་ཧོ་རྫོང་དུ་སོང་ནས། ཁུལ་དང་རྫོང་གི་སྤྱི་བདེ་ལས་ཁུངས་ཀྱི་འགན་ནུས་ལག་བསྟར་དང་དཔུང་སྡེ་ཚད་ལྡན་ཅན་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། འཐབ་ཕྱོགས་དང་པོའི་མི་དམངས་ཉེན་རྟོག་པ་དང་རོགས་འདེགས་ཉེན་རྟོག་པར་འཚམས་འདྲི་བྱས།

ལིས་ཧུང་ཡ་ཡིས་བསྟན་དོན། གཞི་རིམ་སྤྱི་བདེ་ཏང་འཛུགས་ཀྱི་སྣེ་འདོམས་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རང་འཁྲིའི་འོས་འགན་དངོས་འབེབས་དོན་འཁྱོལ་བྱེད་པ། ཏང་འཛུགས་ཀྱིས་དཔུང་སྡེ་འཛུགས་སྐྲུན་ལ་སྣེ་ཁྲིད་ཡང་དག་བྱེད་པ། དཔུང་སྡེ་འཛུགས་སྐྲུན་གྱིས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ལ་འབད་དེ། ཏང་འཛུགས་ཀྱི་དགེ་མཚན་ཅི་ཡོད་བྱ་བའི་དགེ་མཚན་དུ་བསྒྱུར་རྒྱུ་དང་ཏང་འཛུགས་ཀྱི་ཐོན་ཁུངས་ཅི་ཡོད་བྱ་བའི་ཐོན་ཁུངས་སུ་བསྒྱུར་བ། ཏང་འཛུགས་ཀྱི་གྲུབ་འབྲས་ཅི་ཡོད་བྱ་བའི་གྲུབ་འབྲས་སུ་བསྒྱུར་ནས། བདེ་འཇགས་དང་བརྟན་འཇགས་བྱ་བའི་ནུས་པ་དང་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།