ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་སློབ་ཆེན་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་རེ་བཅོལ་ནན་མོ་ཡིད་ལ་དམ་པོར་བཅངས་ཏེ། ཕྱི་རྒྱལ་ནས་ཕྱིར་ལོག་པའི་ཕྱི་འགྲིམ་སློབ་མ་ཡི་འཇོན་ཐང་དང་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་ནས། མཚོ་སྒང་གི་རིགས་སོ་སོའི་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་སྲུང་སྐྱོབ་ནུས་ལྡན་བྱེད་དགོས།
མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཐོང་ཆེན་བླ་མེད་དང་མཚོ་སྔོན་སློབ་ཆེན་གྱི་འབད་འབུངས་འོག་ཏུ། དུས་ཡུན་ལོ་ངོ་ཉི་ཤུའི་འཕེལ་རྒྱས་བརྒྱུད་དེ། གཞི་ནས་མཚོ་སྔོན་སློབ་ཆེན་གྱི་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ལ་ཞིབ་འཇུག་གི་ཁྱད་ཆོས་གསར་བ་དང་ཞིབ་འཇུག་གི་རྨང་གཞི་ལེགས་པོ་ཡོད་པར་གྱུར་ཏེ། རྒྱལ་སྤྱིའི་མཐོ་སྒང་གསོ་རིག་ཁྱབ་ཁོངས་ཁྲོད་གཟེངས་སུ་ཐོན་ཡོད། གྲུབ་འབྲས་འདིའི་ཁྲོད་དུ་རྒྱ་ཆེ་བའི་མཐོ་སྒང་གསོ་རིག་མཁས་ཅན་རྣམས་ཀྱི་སེམས་ཤུགས་འདུས་ཡོད་ལ། ཕྱི་རྒྱལ་ནས་ཕྱིར་ལོག་པའི་ཕྱི་འགྲིམ་སློབ་མ་འཇོན་ཐང་ཅན་མང་པོ་ཞིག་གི་དཀའ་སྡུག་གི་རྔུལ་ཆུའང་འདྲེས་ཡོད། མཚོ་སྔོན་སློབ་ཆེན་གྱི་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱིས་ཕྱི་རྒྱལ་ནས་ཕྱིར་ལོག་པའི་ཕྱི་འགྲིམ་སློབ་མའི་རྒྱལ་གཅེས་བརྩེ་བ་དང་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་བློ་རྩ་བརྟན་པོ། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ལག་ལེན་གསོན་པོ་བཅས་གཞི་གཅིག་ཏུ་འདུས་པར་བྱས་ཏེ། མི་སྒེར་གྱི་ལས་དོན་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ཀྱི་ལས་དོན་ཁྲོད་འདྲེས་པར་བྱས་ནས། མཐོ་སྒང་གི་གསོ་རིག་འཕེལ་རྒྱས་ལས་དོན་ལ་ཤེས་རབ་དང་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་རྒྱུ་ནི་རེ་བ་ཡིན་ཟེར།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་སློབ་ཆེན་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་བྱ་བར་རྟོག་ཞིབ་བྱས།