མཚོ་སྔོན་མགོ་ལོག་ཁུལ་རྨ་སྟོད་རྫོང་དུ་ཚད་རིམ5.8ཅན་གྱི་ས་འགུལ་བྱུང་བ།

微信图片_20210813130104.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ས་འགུལ་དྲ་བས་ཚད་འཇལ་བྱས་པ་ལྟར་ན། པེ་ཅིང་དུས་ཚོད2021ལོའི་ཟླ8བའི་ཚེས13ཉིན་གྱི་ཆུ་ཚོད12དང་སྐར་མ21སྟེང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང(བྱང་འཕྲེད་ཏུའུ34.58དང་ཤར་གཞུང་ཏུའུ97.54)དུ་ཚད་རིམ5.8ཅན་གྱི་ས་འགུལ་བྱུང་བ་དང་། ས་འགུལ་བྱུང་ཁུངས་ཀྱི་ཟབ་ཚད་ནི་ས་ངོས་ནས་སྟོང་སྨི8མན་ཆད་ཡིན། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།