མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན། ཤིས་ཚིག་བཅས་ཀྱི་དགོངས་དོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་ཏེ། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་བྱ་བའི་སྙན་ཞུར་མཉན་ཅིང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཚོགས་འདུར་མགོ་འཛིན་མཛད།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་དང་། ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཐེངས་སོ་གཉིས་པ་བཅས་ཀྱི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། དེ་མིན་ཞིང་སྡེའི་སྤྱོད་ཁང་གསར་བརྗེ་དང་ཡིག་ཚགས་བྱ་བར་སྐུལ་འདེད་གཏོང་བའི་ཐད་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་། པྲོག་གསར་རིམས་ནད་འགོག་སྨན་མཉམ་ལས་ཀྱི་རྒྱལ་སྤྱིའི་གླེང་སྟེགས་ཀྱི་གྲོས་ཚོགས་ཐེངས་དང་པོར་ཡིག་ཐོག་གི་ཤིས་ཚིག་ཕུལ་བ་བཅས་ཀྱིས། དཔལ་འབྱོར་འཕེལ་རྒྱས་ལ་ལམ་སྟོན་སྣེ་ཁྲིད་བྱས་པ་དང་། ཏང་ཕྱིའི་མི་སྣར་རེ་བ་ཆེན་པོ་བཅངས་པ། དམག་དཔུང་འཛུགས་སྐྲུན་ཐད་ལ་ཇུས་བཀོད་སྤྱི་འདོམས་བྱས་པ། སྤྱོད་ཁང་གསར་བརྗེ་ལ་རྒྱུན་མཐུད་བཀོད་སྒྲིག་བྱས་པ། ཡིག་ཚགས་ལས་དོན་ལ་བླང་བྱ་བཏོན་ཞིང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་གསར་སྐྲུན་བྱེད་པ་བཅས་ཀྱི་ཐད་ནན་གསུང་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན། ཤིས་ཚིག་བཅས་ཀྱི་དགོངས་དོན་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དང་མཉམ་བསྲེས་བྱེད་དགོས་པར་མ་ཟད། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། ལག་ལེན་ལ་རྐང་བཙུགས་ཏེ་དངོས་འབེབས་བྱ་བ་དམ་འཛིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དེ་མཚོ་སྔོན་དུ་དངོས་འབེབས་བྱས་ཤིང་ཕན་འབྲས་འབྱུང་བར་འགན་སྲུང་བྱེད་དགོས།

ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་རྣམ་གཉིས་ཀྱིས་དེང་སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཐད་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དེས། ང་ཚོའི་ཏང་གི་རྩ་བའི་དམིགས་འབེན་གང་ལེགས་མཚོན་ཞིང་། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་དགོངས་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་བརྩེ་སེམས་ཟབ་མོ། བདེན་འཚོལ་དངོས་གཉེར་དངོས་འབེབས་གཙོར་འཛིན་པའི་ཚན་རིག་གི་བྱེད་ཐབས་བཅས་མཚོན་པར་བྱས་ཏེ། རིམས་ནད་འགོག་བཅོས་བྱ་བ་བཟང་པོར་བསྒྲུབ་པར་ཁ་ཕྱོགས་བསྟན་ཞིང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། དེང་སྐབས་རིམས་ནད་ལ་འགྱུར་ལྡོག་ཆེ་ཞིང་བསྐྱར་མཆེད་བྱུང་བས་རིམས་ནད་སྔོན་འགོག་ཚོད་འཛིན་གནས་བབ་སྔར་བཞིན་ཛ་དྲག་ཆེ། དཔལ་འབྱོར་འཕེལ་རྒྱས་ཀྱི་མཚམས་འཇོག་མི་རུང་བ་དང་། ཚེ་སྲོག་བླ་ན་མེད་པ་བརྗེད་མི་རིགས་པས། ཅིས་ཀྱང་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ནན་མོ་བྱེད་དགོས། འབྱུང་ཚད་ཆེ་བའི་རིགས་ལམ་གྱིས་འབྱུང་ཚད་ཆུང་བའི་དོན་རྐྱེན་ལ་ཁ་གཏོད་པ་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་བསྐྱར་འབྱུང་འགོག་པའི་ལས་དོན་ཁག་མགྱོགས་ཤིང་སྔ་ལ་ནན་མོར་འཛིན་དགོས། གནས་བབ་སྔར་ལས་ཛ་དྲག་ཡིན་པར་ལྟ་བ་དང་། ཞིབ་འཇུག་བརྡར་གཅོད་སྔར་བས་དངོས་ཡོད་གནས་ཚུལ་མཐུན་པར་སྒྲུབ་པ། གནད་དོན་གྱི་ཕྱོགས་སོ་སོར་སྔར་བས་བསམ་གཞིག་ཞིབ་མོ་བྱེད་པ། བརྟག་དཔྱད་སྔོན་བརྡ་དང་། ཇུས་ཆོད་བཀོད་འདོམས། བབ་བསྟུན་ཐག་གཅོད། སྨན་བཅོས་སྐྱོབ་བཅོས། ཕྱོགས་བསྡུས་འགན་སྲུང་སོགས་ཀྱི་གོ་རིམ་སོ་སོ་དང་། འཛུལ་སྒོ་དང་། གཞིར་འབབ་ས། འགུལ་སྐྱོད་ཁྲོད། ལས་སྣེ་སྟེང་། སློབ་གྲྭའི་སྒོ་ཁ་སོགས་གནད་འགག་གི་གོ་རིམ་དང་གནས་སུ། སྔར་ལས་ལྷག་པར་འགན་འཁྲི་ནན་འཛིན་དང་། ཉེན་ཁ་གྲལ་བཤེར། ཆད་ལུས་ཤོར་བ་གཅོད་པ། འགོག་རགས་བརྟན་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ཁག་སོ་སོ་དངོས་ལ་འབེབས་དགོས། མུ་མཐུད་དུ་མང་ཚོགས་ཀྱིས་རང་ཉིན་འགོག་སྲུང་བྱ་བ་ལེགས་པར་སྒྲུབ་པར་ཁྲིད་སྟོན་བྱེད་པ་དང་། གོ་རིམ་ལྡན་པར་འགོག་སྨན་བརྒྱབ་སྟེ། སྤྱི་ཚོགས་ཡོངས་རིམས་འགོག་ཏུ་ཞུགས་པའི་སྟོབས་ཆེ་བའི་འདུས་ཤུགས་འགྲུབ་པར་བྱེད་དགོས་ཞེས་བསྟན། 

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་དང་པུའུ་རིམ་པ་དང་ཐིང་དང་ཅུའུ་རིམ་པའི་སྲིད་ཁྲིམས་ལས་བྱེད་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་དང་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཡར་སྐུལ་ཚོགས་འདུ་ལས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་བཟང་བོ་བྱེད་པར་བཀོད་སྒྲིག་བྱས་ཤིང་། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས་པ་དང་། སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པར་སློབ་གཞི་འདོན་སྤྲོད་བྱས། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྲིད་ཁྲིམས་བྱ་བའི་བརྗོད་གཞི་དང་གཙོ་ཐིག་དེ་དམ་འཛིན་བྱས་ཏེ། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས། བཅས་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་ཇེ་དྲག་ཏུ་གཏོང་བ་དང་། སྲིད་ཁྲིམས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི<ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་པ་དང་པོ་དང་མགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར>ལག་བསྟར་དང་དངོས་འབེབས་བྱེད་པའི་འགན་འཁྲི་ལས་བགོས》དང་། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྔར་ལས་ལྷག་པར་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་མོར་གཏོང་རྒྱུའི་སྐོར་གྱི་བསམ་འཆར།》 《མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་དཔུང་སྡེ་སློབ་གསོ་དག་ཐེར་ལག་བསྟར་ཇུས་གཞི་སྐོར་གཉིས་པ།》 《ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི<ཞིང་སྡེ་གཞི་རིམ་ཏང་རྩ་འཛུགས་ཀྱི་འབད་འཐབ་བཙན་རྫོང་བརྟན་པོར་འཛུགས་པ་དང“གྲོང་གཤེད”གནད་དོན་སྔོན་འགོག་བཅོས་སྒྲིག་བྱེད་པའི་སྐོར་གྱི་བསམ་འཆར>ལག་བསྟར་མཐའ་འཁྱོངས་བྱེད་པའི་བྱེད་ཐབས་འགའ།》《མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་ཀྱིས་དམངས་གཉེར་ཁེ་ལས་དང་འབྲེལ་བ་འཛུགས་པའི་གྲོས་མོལ་ཚོགས་འདུའི་བྱ་བའི་མཛུབ་སྟོན་བསམ་འཆར།》 《མཚོ་སྔོན་ཞིང་ཏང་སྲིད་ལས་ཁུངས་ཀྱི་བཅའ་ཁྲིམས་བློ་འདྲི་དོ་དམ་བྱེད་ཐབས》སོགས་ལ་གྲོས་ཞིབ་བྱས་ཤིང་། དོན་དག་གཞན་དག་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།