མཱ་ཅི་ཞའོ་ཡིས་མཚོ་ནུབ་ཁུལ་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས9ཉིན་ནས་ཚེས11ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གཙོ་གནད་ལས་གཞི་སྟེ། ན་གོར་མོ་ནས་མང་ཨེ་བར་གྱི་གཞུང་ལམ་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་ལྟ་སྐུལ་མཛུབ་སྟོན་བྱས་པ་མ་ཟད། ཡུལ་དངོས་འཛུགས་སྐྲུན་གྱི་ལས་བཟོ་བར་འཚམས་འདྲི་བྱས།

ན་གོར་མོ་ནས་མང་ཨེ་བར་གྱི་གཞུང་ལམK34、K132、K202ལས་གཞི་པུའུ་རུ། མཱ་ཅི་ཞའོ་ཡིས་བཟོ་སྐྲུན་འཛུགས་སྐྲུན་གནས་ཚུལ་དང་གནས་པའི་གནད་དོན་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད། ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུའུ་དང་ཞིང་ཆེན་གློག་འཕྲིན་ཀུང་སི། མཚོ་བོད་ལྕགས་ལམ་སྡེ་ཚོགས་ཀུང་སི། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སི། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས། ན་གོར་མོ་གྲོང་ཁྱེར་མི་དམངས་སྲིད་གཞུང་། མང་ཨེ་གྲོང་ཁྱེར་སྲིད་གཞུང་གི་འགན་ཁུར་བ་བསྡུ་རུབ་བྱས་ཏེ་མང་ཨེ་གྲོང་ཁྱེར་དུ་ན་གོར་མོ་ནས་མང་ཨེ་བར་གྱི་གཞུང་ལམ་འཛུགས་སྐྲུན་སྐུལ་འདེད་ཚོགས་འདུ་བསྡུས་ནས། གཙོ་གནད་ལས་གཞི་སྐུལ་འདེད་སྐོར་གྱི་ལས་དོན་ལ་བགྲོ་གླེང་བྱས། མཱ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། གཞུང་ལམ་འཛུགས་སྐྲུན་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཚོ་བའི་རྨང་གཞི་ཡིན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། འབྲེལ་ཡོད་ལས་ཁུངས་དང་ས་གནས་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་མཐོ་ཚད་དང་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཐོ་ཚད་ནས་གཙོ་གནད་ལས་གཞིའི་གལ་ཆེན་རང་བཞིན་ལ་ངེས་ཤེས་ཡོད་པར་བྱེད་པ་དང་། བརྗེ་རེས་མཐུད་སྦྲེལ་ལ་ཤུགས་སྣོན་དང་། ཕན་ཚུན་རྒྱབ་སྐྱོར། འདུས་ཤུགས་གྲུབ་ཏུ་བཅུག་ཏེ། བརྟན་བརླིང་ངང་སྐུལ་འདེད་བཏང་ནས། བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་ཡོང་བར་བྱེད་དགོས། འཛུགས་སྐྲུན་ཁྲོད་ཞུགས་པའི་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་སྲུང་དང་། བདེ་འཇགས་ཐོན་སྐྱེད། རིམས་ནད་འགོག་བཅོས་ཚོད་འཛིན། སྲིད་གཙང་འཛུགས་སྐྲུན་སོགས་ཀྱི་བྱ་བ་ཏན་ཏིག་གིས་སྒྲུབ་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། མི་དམངས་མང་ཚོགས་ལ་ཚད་ལྡན་གྱི་འབྲས་བུ་ཞིག་སྤྲོད་དགོས་ཞེས་བསྟན།

རྟོག་ཞིབ་སྐབས་སུ། མཱ་ཅི་ཞའོ་ན་གོར་མོ་དང་མང་ཨེ་གཞུང་ལམ་འགྲམ་རྒྱུད་འཛུགས་སྐྲུན་ལས་ཁུངས་དང་ན་གོར་མོ་གྲོང་ཁྱེར་ཁུ་ནུ་དངོས་ཟོག་གླིང་ཁུལ། ན་གོར་མོ་འཕང་འབྲས་རྟེན་གཞི། མཚོ་སྔོན་ཁྲོང་ཨན་ཚད་ཡོད་ཀུང་སི། མཚོ་སྔོན་སྣུམ་ཞིང་བཟོ་གྲྭ་གསུམ་པ་དང་ཁྲོམ་འོག་ལས་གཉེར་ཆེད་མཁས་པའི་ལས་སྒྲུབ་ཁང་དུ་སོང་ནས་ཡུལ་དངོས་ལས་བཟོ་བར་འཚམས་འདྲི་བྱས་པ་དང་། ལས་བཟོ་བའི་བྱ་བ་དང་འཚོ་བའི་གནས་ཚུལ། ངལ་རྩོལ་དཔེ་ལེགས(ལས་བཟོ་བ)གསར་གཏོད་ལས་སྒྲུབ་ཁང་། ལས་བཟོ་བའི་དཔེ་ཁང་སོགས་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།