ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཧོ་ནན་ཞིང་ཆེན་ལ་རྒུད་སྐྱོབ་དངོས་ཟོག་ཞལ་འདེབས་སུ་ཕུལ།

e64b1b42-1b9c-4991-8d98-a27ade278589.tif.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཧོ་ནན་ཞིང་ཆེན་ལ་གནོད་འཚེ་ཐེབས་རྗེས། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་ཏུ་ཧོ་ནན་ཞིང་ཆེན་དམངས་གཙོ་རྒྱལ་འཛུགས་ལྷན་ཁང་ལ་འཚམས་འདྲིའི་ཡི་གེ་སྤྲིངས་པ་མ་ཟད། ཚོགས་མི་ཡོངས་ལ་མཛའ་བརྩེ་ཡི་ལག་པ་བསྲིངས་ནས་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་འབོད་སྐུལ་བཏང་བ་དང་། ཚོགས་མི་ཚང་མས་འབོད་སྐུལ་དང་ལེན་བྱས་ཏེ་གནོད་ཐེབས་ས་ཁུལ་ལ་མ་དངུལ་སྒོར་ཁྲི27དང་རིན་ཐང་སྒོར་ཁྲི36ལྷག་གི་དངོས་ཟོག་ཞལ་འདེབས་སུ་ཕུལ་བ་ལས་གཞན། གནོད་འཚེ་ས་ཁུལ་དུ་དངོས་ཟོག་ཧ་ཅང་དཀོན་པའི་གནས་ཚུལ་འབྱོར་རྗེས། ཚོགས་མིའི་ཁེ་ལས་མཚོ་སྔོན་ཀའོ་ཅན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་རིན་ཐང་སྒོར་ཁྲི8ཀྱི་དངོས་ཟོག་ཞལ་འདེབས་སུ་ཕུལ་བ་རེད།   ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།