མཚོ་སྔོན་ཞིང་ཆེན་དེང་རབས་དངོས་ཟོག་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཆེད་དོན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་དེང་རབས་དངོས་ཟོག་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཆེད་དོན་གྲོས་ཚོགས་ཟི་ལིང་དུ་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་དེང་རབས་དངོས་ཟོག་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་བྱ་བར་བཀོད་སྒྲིག་བྱས་བྱས་ཏེ་འབྲེལ་ཡོད་སྲིད་ཇུས་ཡིག་ཆར་ཞིབ་འཇུག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། རྒྱུན་ལས་ཧྲིན་ཀྲང་གཞོན་པ། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལི་ཅེ་ཞང་གིས་མགོ་འཛིན་དང་གཏམ་བཤད། ཧྲིན་ཀྲང་གཞོན་པ། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱང་ཧྥིན་ཁྲུན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཚོགས་འདུས་བསྟན་དོན། དེང་རབས་དངོས་ཟོག་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་ནི་མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་དམ་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་དང་སྦྲེལ་ནས། འཕེལ་རྒྱས་ཀྱི་རྣམ་པ་འཛུགས་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེད་ཐབས་གལ་ཆེན་ལ་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོའི་ཁེ་ལས་ཀྱིས། དེང་རབས་དངོས་ཟོག་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན། གྲོང་གསེབ་དར་སྤེལ་འཐབ་ཇུས་དང་མཐུད་སྦྲེལ་བྱེད་པར་སྐུལ་འདེད་བཏང་ནས།“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་།རྒྱལ་སྤྱི་རྒྱལ་ནང་གི་འཁོར་བསྐྱོད་དང་མཉམ་འདྲེས་བྱེད་པར་རོགས་འདེགས་བྱེད་པ། དེ་མིན་མགྱོགས་མྱུར་སྒོས“གནས་བཞི”འཛུགས་སྐྲུན་དང་། “དཔལ་འབྱོར་གྱི་རྣམ་པ་བཞི”གསོ་སྐྱོང་བྱེད་པ་དང་སྐུལ་འདེད་བཏང་སྟེ། དཔལ་འབྱོར་ཁེ་ཕན་དང་སྤྱི་ཚོགས་ཁེ་ཕན་གཉིས་མངོན་འགྱུར་དང་། མ་ལག་འཐུས་ཚང་དང་གཙོ་གནད་དོ་སྣང་། རྒྱུ་རྐྱེན་འགན་སྲུང་དང་ཚོང་རའི་གསོ་སྐྱོང་མཐུན་སྦྱོར་གཉིས་གཅིག་གྱུར་བྱས་ཏེ། རང་ཞིང་གི་དེང་རབས་དངོས་ཟོག་སྐྱེལ་འདྲེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཚོགས་འདུས་ནན་གྱིས་བསྟན་དོན། མི་འདང་ས་འབུར་ཐོན་དུ་བྱེད་པ་དང་། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས། བསམ་ཕྱོགས་ཀྱི་བྱེད་ཐབས་གསར་གཏོད་བྱས་ཏེ། དངོས་ཟོག་འཁོར་རྒྱུག་འགྲོ་གྲོན་ཇེ་དམའ་རུ་བཏང་ནས། དངོས་ཟོག་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་བཀག་རྒྱ་གཏོར་བར་བྱེད་དགོས། དམིགས་འབེན་གསལ་བོ་དང་སྟེང་གི་བཀོད་པར་ཤུགས་བསྣན་ནས། མཁར་ཁུལ་གཙོ་བོ་དང་ལྟེ་གནས་ས་ཁོངས་ཀྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་བྱེད་པ་དང་། སྡེབ་སྐྱེལ་ཐབས་ལམ་ཤར་གཏོང་གཅིག་སྒྲིལ་བྱེད་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།