ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཞིང་ཆེན་དོ་དམ་ལས་བྱེད་པའི་བསྐོ་གཞག་སྔོན་གྱི་སྤྱི་བསྒྲགས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར། ད་ལྟ་བསྐོ་གཞག་ལས་བྱེད་པ་སྐོར་ཞིག་སྤྱི་བསྒྲགས་བྱས་ཡོད་པ་གཤམ་གསལ་ལྟར།
ལུའེ་ཞན་ཧྭ། ཕོ། རྒྱ་རིགས། 1968ལོའི་ཟླ7པར་སྐྱེས། སློབ་ཆེན་བསླབ་གནས། ཀྲུང་གུང་ཏང་ཡོན། ད་ལྟ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི(ཐིང་རིམ་པ་གཞོན་པ)འགན་བཞེས་ཡོད་ཅིང་། ཐིང་རིམ་པ་དང་པོའི་མགོ་ཁྲིད་ལས་བྱེད་པར་འཆར་འགོད་གཏན་འབེབས་བྱས།
མཱ་རོས། ཕོ། རྒྱ་རིགས། 1974ལོའི་ཟླ11པར་སྐྱེས། ཀྲུང་གུང་ཏང་གི་སློབ་གྲྭའི་སློབ་ཆེན་བསླབ་གནས། ཀྲུང་གུང་ཏང་ཡོན། ད་ལྟ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའི་འགན་བཞེས་ཡོད་ཅིང་། ཐིང་རིམ་པ་དང་པོའི་མགོ་ཁྲིད་ལས་བྱེད་པར་འཆར་འགོད་གཏན་འབེབས་བྱས།
ཨོའུ་དབྱང་ཀོང་ཆི། ཕོ། རྒྱ་རིགས། 1967ལོར་སྐྱེས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་ཆེན་བསླབ་གནས། ཀྲུང་གུང་ཏང་ཡོན། ད་ལྟ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་པེ་ཅིང་དུ་སྡོད་པའི་ལས་སྒྲུབ་ཁྲུའུ་ཡི་ཀྲུའུ་རེན་གཞོན་པའི(ཐིང་རིམ་པ་གཞོན་པ)འགན་བཞེས་ཡོད། ཐིང་རིམ་པ་དང་པོའི་མགོ་ཁྲིད་ལས་བྱེད་པར་འཆར་འགོད་གཏན་འབེབས་བྱས།
ཝང་ཞང་ཀའོ། ཕོ། རྒྱ་རིགས། 1965ལོའི་ཟླ10པར་སྐྱེས། རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས། ཀྲུང་གུང་ཏང་ཡོན། ད་ལྟ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་བཞེས་ཡོད། ཐིང་རིམ་པ་དང་པོའི་མགོ་ཁྲིད་ལས་བྱེད་པར་འཆར་འགོད་གཏན་འབེབས་བྱས།
སྤྱི་བསྒྲགས་དུས་ཚོད་ནི2021ལོའི་ཟླ8པའི་ཚེས13ཉིན་ནས་ཟླ8པའི་ཚེས19ཉིན་བར་ཡིན། སྤྱི་བསྒྲགས་ཀྱི་སྐབས་སུ། ལས་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཁ་པར་དང་འཕྲིན་ཡིག དྲ་ཐོག་ཞུ་གཏུགས་སོགས་ཀྱི་རྣམ་པས། མིང་བཀོད་དེ་སྤྱི་བསྒྲགས་བྱ་ཡུལ་གྱི་ཀུན་སྤྱོད་དང་ནུས་ཤུགས། བརྩོན་འབྲས། སྲིད་གཙང་སོགས་ཀྱི་གནས་ཚུལ་དང་གནད་དོན་ཐད་དངོས་ཐོག་བདེན་འཚོལ་དང་དྲང་གཞག་སྒོས་གསལ་བོར་བཤད་དགོས།
ས་གནས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ལྟ་སྐུལ་ཞིབ་བཤེར་ཁྲུའུ།(སྦྲགས་སྲིད་ཨང་གྲངས810000)
ཞུ་གཏུགས་ཁ་པར།(0971)12380
ཞུ་གཏུགས་དྲ་གནས།:http://www.qh12380.gov.cn
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ།
2021ལོའི་ཟླ8པའི་ཚེས12ཉིན།
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་དོ་དམ་ལས་བྱེད་པའི་བསྐོ་གཞག་སྤྱི་བསྒྲགས།